[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བྲག་ཡིབ་ཆུས་ཀྱིས་མི་མེད་གནམ་གྲུ་སྤྱད་ནས་སྣོད་བཅུད་སྐོར་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    ཉེ་ཆར། བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉིང་ཁྲི་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་བྲག་ཡིབ་ཆུས་ཡན་ལག་ཅུས་སོགས་ཚན་པ་དང་མཉམ་དུ《ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་གི་སྒྲིག་སྲོལ》གྱི་གཏན་འབེབས་ལྟར་མཚོ་མོ་སྐྱིད་རི་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་དུ་སྣོད་བཅུད་སྐོར་ཞིབ་བྱས་པ་རེད།

    ད་ཐེངས་ཀྱི་སྣོད་བཅུད་སྐོར་ཞིབ་ལ་ཁྱོན་བསྡོམས་མི་མེད་གནམ་གྲུ་3བཏང་སྟེ་མཚོ་མོ་སྐྱིད་རི་མཛེས་ལྗོངས་ཁུལ་ལ་མཁའ་དབྱིངས་ནས་སྐོར་ཞིབ་ཀྱིས་པར་བླངས་པ་རེད། མི་མེད་གནམ་གྲུ་སྤྱད་པ་དེས་ས་བབ་དང་གནམ་གཤིས་ཀྱི་ཚོད་འཛིན་ནུས་ལྡན་བསལ་ཏེ་ཐད་ཀར་དང་ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་ལ་ལྟ་དཔྱད་ཚད་ལེན་དང་ཆ་འཕྲིན་འཚོལ་བསྡུ་ཐུབ་སྟེ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་ལེགས་པའི་ངང་དོན་འཁྱོལ་དང་། བྲག་ཡིབ་ཆུས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།