[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱིས་སྲོལ་ཡིག་བཏོན་ནས་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    གསར་འགོད་པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་གི་སྲོལ་ཡིག》ཉིན་ཤས་གོང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ་དང་། 2019ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། བྱ་སྤྱོད་དེའི་དམིགས་ཡུལ་ནི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་འཁྱོངས་ཡོང་བ་དང་། ཆུ་མཁོ་འདོན་གྱི་ནུས་པ་འགན་ལེན་བྱེད་པ། སྦགས་བཙོག་འགོག་བཅོས་བྱེད་པ་མ་ཟད། ཆུའི་སྣོད་བཅུད་དང་ཆུའི་ཁོར་ཡུག་ལེགས་སུ་བཏང་ནས་མཚོ་སྲུང་སྐྱོང་བྱེད་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་ཡིག་དེ་སྤྱིའི་རྩ་དོན་དང་། ཆུ་ཁོངས་དང་དེ་བཞིན་མཚོ་རྒྱུད་སྲུང་སྐྱོབ། ཆུའི་སྦགས་བཙོག་འགོག་བཅོས། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ། དམངས་བྱིངས་ཞུགས་པ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ཆ་ཤས་བདུན་ལ་དབྱེ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།