[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སུ་འདམ་རའི་སྲུང་སྐྱོང་མ་ལག་རགས་ཙམ་བསྐྲུན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ● མིག་སྔར་བོད་ལྗོངས་སུ་རིགས་ཁག་གི་འདམ་ར་སྤྱི་ཆིང་ཁྲི་650ལྷག་ཙམ་ཡོད་པས་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཨང་རིམ་གཉིས་པར་སླེབས་ཀྱི་ཡོད། 

    ● མདོ་ཆེན་མཚོ་སོགས་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་22བསྐྲུན་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་འདམ་རའི་སྲུང་སྐྱོང་མ་ལག་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། མིག་སྔར་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གཙོ་བོ། རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ་སོགས་འདམ་ར་སྲུང་སྐྱོང་མ་ལག་སྣ་ཚོགས་རགས་ཙམ་ཆགས་ཡོད།

    བོད་ཀྱི་འདམ་ར་ནི་མཚོ་བོད་ས་མཐོའི“སྐྱེ་དངོས་གཞི་རྒྱུའི་མཛོད”དང་གསོ་རླུང་གསབ་ཁུངས་གཙོ་བོ་ཡིན་པ་མ་ཟད། ཆུ་མགོའི་ཆུ་རྒྱུན་གྱི་སྣོད་བཅུད་མ་ལག་གི“དོ་སྙོམས་ཡོ་ཆས”དང“ལེཌ་སྒྲིག་ཡོ་ཆས”གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་ཐད་འགག་རྩའི་ནུས་པ་ཐོན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། མིག་སྔར་བོད་ལྗོངས་སུ་རིགས་ཁག་གི་འདམ་ར་སྤྱི་ཆིང་ཁྲི་650ལྷག་ཙམ་ཡོད་པས་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཨང་རིམ་ནས་ཨང་གཉིས་པར་སླེབས་ཀྱི་ཡོད། མ་ཕམ་གཡུ་མཚོ་དང་། སྨི་ཏི་ཁ། སེར་གླིང་མཚོ་བཅས་འདམ་ར་གསུམ་རྒྱལ་སྤྱིའི་གཙོ་གནད་འདམ་རའི་མིང་གཞུང་ནང་བཅུག་པ་དང་འདམ་ར་13རྒྱལ་ཁབ་ཀྱི་གཙོ་གནད་འདམ་རའི་མིང་གཞུང་ནང་བཅུག་ཡོད། ར་འོག་མཚོ་སོགས་ཀྱི་འདམ་ར་15རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྲུན་པ་དང་། མདོ་ཆེན་མཚོ་སོགས་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང(ཚོད་ལྟའི་ཁུལ་ཚུད་པ)22བསྐྲུན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།