[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་དུ་སྣོད་བཅུད་སྲུང་སྐྱོང་ལས་ཕན་པ་རྒྱུན་ཆད་མེད་པར་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-06

     ཉེ་དུས། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། 2018ལོར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་སྣོད་བཅུད་ནགས་སྲུང་དང་ནགས་ལས་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་། དེ་བཞིན་སྣོད་བཅུད་འཛུགས་སྐྱོང་ལ་ཞུགས་པ་བརྒྱུད་ཡོང་འབབ་སྒོར་དུང་ཕྱུར་25ཙམ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་བོད་ཀྱིས་རང་བྱུང་ནགས་ཚལ་ཕྱོགས་ཡོངས་ནས་གཅོད་མཚམས་བཞག་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ཀྱི་འཕེལ་རྒྱས་དམིགས་ཚད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ནགས་ཚལ་གཅོད་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་4.5དོན་འཁྱོལ་བྱས་པ་དང་། ནགས་ས་བེད་སྤྱོད་ཀྱི་བཅད་འབོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནགས་ས་བེད་སྤྱོད་ཀྱི་རྣམ་གྲངས་171གཉེར་པ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་དང་། རྨོ་འགྱུར་ནགས་བཟོ། བྱེ་འགོག་བྱེ་བཅོས་སོགས་ཀྱི་འདུ་འགོད་ལག་བསྟར་བྱས་ནས་ནགས་བཟོ་མུའུ་ཁྲི་112བྱས་པ། ནགས་ཚལ་སྤུས་ཚད་གནད་སྨིན་མཐོར་གཏོང་འདུ་འགོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནགས་ཚལ་མུའུ་ཁྲི་34བདག་སྐྱོང་དང་ཤིང་འཛུགས་ནགས་བཟོའི་གསབ་འདེབས་ལས་འགན་མུའུ་ཁྲི་3ཙམ་ལེགས་གྲུབ་བྱས་པ། གཞན་ཡང་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས“ལྗོན་ཤིང་མེད་པའི་གྲོང་ཚོ”863དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་8ལྷག་ཙམ་ལ་ཤིང་འཛུགས་ནགས་བཟོ་བྱས་པ་རེད།

    ཐོན་ཁུངས་དོ་དམ་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན། བོད་ཀྱི་སྣོད་བཅུད་ཁོར་ཡུག་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཞིང་། ཞིང་འབྲོག་མང་ཚོགས་ཚོས་སྣོད་བཅུད་ནགས་སྲུང་དང་། ནགས་བཟོ་སྔོ་འགྱུར། བྱེ་འགོག་བྱེ་བཅོས་སོགས“ལྗང་མདོག་ལས་ཞུགས”དང“ལྗང་མདོག་དམངས་ཕྱུག”འདུ་འགོད་ཁྲོད་ཞུགས་པར་འབབ་འཕར་བྱུང་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་བོད་ཀྱིས་སྣོད་བཅུད་ཁ་གསབ་དབུལ་སྒྲོལ་འགག་སྒྲོལ་གྱི་སྣོད་བཅུད་ནགས་སྲུང་བའི་ལས་གནས་ཁྲི་30.9དོན་འཁྱོལ་བྱས་པར་བརྟེན། ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་10ཙམ་བྱུང་ཡོད། ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་ནགས་ལས་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་ལ་ཞུགས་པར་བརྟེན་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་15ཙམ་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།