[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཟླ་6པའི་ཟླ་སྨད་དུ་བོད་ལྗོངས་ཉིང་ཁྲིར་ནགས་ཚལ་གྱི་བྱེས་བགྲོད་འགྲན་བསྡུར་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ནགས་ཚལ་བྱེས་བགྲོད་མུ་འབྲེལ་འགྲན་བསྡུར་བོད་ལྗོངས་ཉིང་ཁྲིའི་ས་ཚིཌ་འགྲན་བསྡུར་གྱི་འོས་སྦྱོར་ངོ་སྤྲོད་ཚོཌ་འདུ་ལྷ་སར་འཚོགས་པ་རེད། འགྲན་བསྡུར་དེ་ཀྲུང་གོ་རླངས་འཁོར་དང་སྦག་སྦག་རྩལ་འགྲན་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཟླ་6ཚེས་21ཉིན་ནས་23ཉིན་བར་བོད་ལྗོངས་ཉིང་ཁྲིར་འགྲན་བསྡུར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་ཆེད་ལས་ཚོགས་ཆུང་དང་། ཡོངས་བསྒྲགས་ཚོགས་ཆུང་། བུད་མེད་ཚོགས་ཆུང་། PTOཚོགས་ཆུང་། ཕུཌ་འདུན་མཁན་སོགས་ཚོགས་ཆུང་7དབྱེ་ཡོད་པར་བསྡོམས་རུ་ཁག་དང་སྤྲོ་སྐྱིད་ཁང་40ལྷག་གི་འཁོར་རིགས་200ལྷག་འགྲན་བསྡུར་ལ་ཞུཌ་རྒྱུ་རེད། འགྲན་བསྡུར་དེ་བོད་ཀྱི་ལུས་རྩལ་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། མི་གྲངས་མང་ཤོས་བཅས་ཀྱི་བྱེས་བགྲོད་འགྲན་བསྡུར་ཞིག་ཏུ་འགྱུར་རེ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།