[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཀུན་བདེ་གླིང་རྩྭ་ཐང་དུ་གང་དགའ་གང་སྐྱིད་ངང་འཚོ་བཞིན་པའི་ཤྭ་བ་སེར་ཆེན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-09

    བོད་ཀྱི་ཟངས་རི་རྫོང་གི་འབོད་ཐོས་ཤང་ནས་རྫིང་ཕྱི་ཆུའི་བྱང་ངོས་སུ་བསྐྱོད་ན་བོད་དུ་སྐད་གྲགས་ལྡན་པའི་ས་མཐོའི་འབྲོག་ས་སྟེ། ས་བབ་མཐོ་ཚད་ལ་སྨི་4300ལྷག་ཙམ་ཟིན་པའི་ཀུན་བདེ་གླིང་རྩྭ་ཐང་དུ་སླེབས་ཀྱི་ཡོད། རི་ལམ་ཀྱག་ཀྱོག་གི་རྒྱུད་ཀྱི་སྡོང་ཕྲན་ནགས་གསེབ་ཏུ་བོད་ཀྱི་ཤྭ་བ་སེར་ཆེན་ལྔ་དྲུག་ཙམ་གྱིས་འབྲི་གཡག་ཁྱུ་དང་མཉམ་དུ་རང་དགར་རྩྭ་ཟ་བཞིན་ཡོད་པ་དང་། གསར་འགོད་པས་དེར་རླངས་འཁོར་ཁ་བཀག་ནས་པར་ལེན་པ་མཐོང་རྗེས་རིམ་བཞིན་རི་འདབས་སུ་བརྒྱུགས “ཤྭ་བ་སེར་ཆེན་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ལོ་20ཡི་གོང་གནས་དེར་སྲུང་སྐྱོང་ཁུལ་བསྐྲུན་རྗེས་ཤྭ་བ་སེར་ཆེན་མང་དུ་འབོར་ཆེན་ཕྱིན། ད་ཆ་སྒོ་ཕྱུགས་དང་ཞི་མཐུན་མཉམ་གནས་བྱེད་པའི་གོམས་གཤིས་ཆགས་ཡོད་པ་དང་། ད་དུང་ཁག་གཅིག་གིས་མི་མཐོང་ཡང་འདྲོགས་སྣང་བྱེད་ཀྱི་མེད”ཅེས་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་རྣམ་རྒྱལ་གྱིས་བཤད།

    རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པས་གནས་འདི་མིང་དོན་མཚུངས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད། ཟླ་ལྔ་པའི་ཟླ་འགོར་རྩྭ་ཐང་དུ་གངས་འཁྱགས་བཞུ་འགོ་ཚུགས་ཙམ་ཡིན་ཡང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་རྣམས་སྒུག་ཡུན་མ་བཟོད་པར་གང་སར་རྒྱུག་བཞིན་འདུག ལམ་བར་དུ་མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་སྲོག་ཆགས་ཏེ། ཧི་མ་ལ་ཡའི་འཕྱི་བ་ཁག་གཅིག་གཞུང་ལམ་དུ་ཕར་འགྲོ་ཚུར་རྒྱུག་བྱེད་བཞིན་མཆིས་ཤིང་། དཔྱིད་ཀ་ཤར་བ་དང་བསྟུན་ཡར་ཀླུང་གཙང་པོའི་སྨད་རྒྱུད་ནས་སླེབས་པའི་ངང་སེར་དག་ཀྱང་དེ་གར་འཚོ་གནས་ཀྱི་གྲབས་བྱེད་བཞིན་འདུག

    འདི་ནི་ཀུན་བདེ་གླིང་རྩྭ་ཐང་ཆེ་མོའི་གངས་འཁྱགས་བཞུར་ནས་སྐྱེ་དངོས་ཡོད་དོ་ཅོག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།

     འདི་ནི་རྩྭ་ཐང་དུ་རྩྭ་ཟ་བཞིན་པའི་ཤྭ་བ་སེར་ཆེན་གྱི་ཁྱུ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།