[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལྗོངས་ཡོངས་ཀྱི་མི་དམངས་ལ་འོས་འགན་ཤིང་འཛུགས་ཀྱི་འཕྲིན་ཐུང་བསྐུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ཟླ་3ཚེས་12ཉིན་ནི་ལོ་གཅིག་དུས་གཅིག་གི་ཤིང་འཛུགས་དུས་ཆེན་ཡིན་ཞིང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལྗོངས་ཡོངས་ཀྱི་མི་དམངས་ལ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱི་དྲིལ་བསྒྲགས་འཕྲིན་ཐུང་ཞིག་བསྐུར་བ་རེད།

    ཤེས་རྟོགས་བྱུང་བར། བྱེད་སྒོ་དེའི་དམིཌ་ཡུལ་ནི་རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱི་དྲིལ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་སྟེ་འོས་འགན་ཤིང་འཛུགས་བྱེད་སྒོའི་འགན་འཁྲི་གཙང་སྒྲུབ་བྱེད་ཚད་མཐོ་རུ་ཏན་ཏིག་གཏོང་བ་དེ་རེད། འཕྲིན་ཐུང་གི་ནང་དོན་ནང“ཤིང་འཛུགས་ནགས་བཟོ་དང་། ས་མཐོ་སྔོ་འགྱུར”དང་། “གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བྱས་ཏེ་ལྗང་མདོག་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ”“དམངས་ཡོངས་འོས་འགན་ཤིང་འཛུགས་ནང་ཞུགས་ཏེ་མཛེས་སྡུག་ལྡན་ལ་སྣོད་བཅུད་ལེགས་པའི་བོད་ལྗོངས་སྐྲུན་པ”བཅས་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།