[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གྲོང་ཚོའི་རྣམ་པ་ལྷག་པར་མཛེས། དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

    —— ཟངས་རི་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    ཟངས་རི་རྫོང་རྫིང་ཕྱི་ཤང་གི་སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོར་སྐྱོད་སྐབས། གསར་འགོད་པས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། གྲོང་ཚོའི་བཀོད་པ་གསར་རྐྱང་དུ་གྱུར་བ་གསལ་པོར་མཐོང་།

    རྫིང་ཕྱི་ཤང་ཀུན་བདེ་གླིང་རྩྭ་ཐང་གི་རྒྱུད་ནི་རྩྭ་ཆུ་བཟང་ཞིང་ཕྱུགས་རིགས་དཀར་ནག་ཤ་ཤེད་བཟང་བའི་འབྲོག་ཁུལ་ཞིག་རེད།

    སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་འབྲོག་པ་རྣམས་ལ་གཏན་འཇགས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་ཆེད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་གིས་བདེ་སྡོད་ཁང་པ་བརྒྱབ་པས་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་རེད།

    ཁང་པ་ཡོད་ཀྱང་འབྲོག་པ་ཚོས་མི་རབས་ནས་མི་རབས་བརྒྱུད་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་དེ་ཙམ་ཕྱིན་མེད།

    སྣང་ཚུལ་དེ་རིགས་ལ་དམིགས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་ཏེ་སྤྲིན་མཚོ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཞུས།

    “2017ལོར་ང་ཚོས་སྒོར་ཁྲི་186.33བཏང་སྟེ་རྫིང་ཕྱི་ཤང་སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོའི་དུད་ཚང་73གྱི་གསང་སྤྱོད་དང་ཚད་ལྡན་ཅན་གྱི་སྤྱི་པའི་གསང་སྤྱོད་2བསྐྲུན་པ་མ་ཟད། ཁྱིམ་ཚང་རེ་རེར་གད་སྙིགས་བླུགས་སྣོད་སྤྲད་པ་དང་། སྤྲིན་མཚོ་གྲོང་ཚོར་གད་སྙིགས་བསྡུ་རུབ་ས་ཚིགས་2བཙུགས་ཡོད”ཅེས་ཟངས་རི་རྫོང་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་དར་རྒྱས་ཀྱིས་བཤད་བྱུང་།

    2017ལོ་ཁོ་ནར་ཟངས་རི་རྫོང་གིས་སྒོར་ཁྲི་232.62བཏང་སྟེ་སྲིད་འཛིན་གྲོང་ཚོ་13ལ་གད་སྙིགས་གཙང་སེལ་དང་གཞུང་ལམ་གཙང་སེལ་གྱི་རླངས་འཁོར་13སྤྲད་པ་དང་། སྒོར་ཁྲི་110བཏང་ནས་གད་སྙིགས་བླུཌ་སྒམ་3438ཉོས་ཏེ་མང་ཚོགས་ལ་སྤྲད་ཅིང་། སྒོར་ཁྲི་379སྤྲད་དེ་སྲིད་འཛིན་གྲོང་ཚོ་3ལ་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྣོད་བཅུད་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།