[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    590304_yis_1548654676154_b.jpg

     འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ས་མདོ་ཤང་གི་མང་ཚོགས་ཀྱིས་རང་འགུལ་ངང་ལྕང་མ་འཛུགས་བཞིན་པ།

    ཉིན་ཤས་གོང་། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་མཛེས་པའི་བོད་ལྗོངས་དང་། སྣོད་བཅུད་ཕྱུག་པའི་བོད་ལྗོངས། སྣོད་བཅུད་བརྟན་པའི་བོད་ལྗོངས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

    ལྗང་མདོག་འཕེལ་རྒྱས་ཀྱི་འབྲེལ་བ་ཟམ་མི་ཆད་པར་མཐུན་སྦྱོར་བྱས་ཤིང་། ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གཉིས་མཐུན་སྦྱོར་མཉམ་འགུལ་དང་། གསར་སྤེལ་འཛུགས་སྐྲུན་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོང་གི་མཉམ་འབྲེལ་ཚོགས་འདུ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་དོ་དམ་མཐུན་སྦྱོར་མཉམ་འགུལ། ཁོར་ཡུག་སྲུང་སྐྱོང་གི་མཉམ་འབྲེལ་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་སོགས་ཀྱི་ལམ་སྲོལ་བཟོས་ནས་དུས་རྟག་ཏུ་འཕེལ་རྒྱས་ཁྲོད་ཀྱི་དོན་ཚན་གལ་ཆེན་ལ་གྲོས་བསྡུར་ཞིབ་འཇུག་དང་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།

    ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ། རྒྱལ་ཁབ་ཀྱིས་ཁྱོན་བསྡོམས་སྒོར་དུང་ཕྱུར་30ལྷག་ཙམ་བཏང་སྟེ་ནས་དང་། འབྲི་གཡག བོད་སྨན་གྱི་སྨན་རྒྱུ་སོགས་རིགས་10ལྷག་ཙམ་གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་ལག་བསྟར་བྱས་པ་དང་། ད་ལྟའི་ཕག་རིའི་འབྲི་གཡག་དང་། གམ་པའི་ལུག སྤོ་བོའི་ར་མོ་ཤག་ཆེན་སོགས་ཞིང་འབྲོག་ཁུལ་གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་10ལྷག་ཙམ་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ར་སྤྲོད་ཐོབ་ཡོད། དྭངས་གཙང་ནུས་རྒྱུ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་2017ལོར་ལྗོངས་ཡོངས་ཀྱི་འོད་ཤུགས་གློག་གཏོང་འཕྲུལ་འཁོར་ནས་ཁྱོན་བསྡོམས་གློག་གཏོང་ཚད་ཆན་ཝ་ཁྲི་79ཟིན་པ་དང་། ཆུ་ཤུགས་གློག་ཁང་གི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་177ཟིན་ནས་ལྗོངས་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་56.54%ཟིན་ཡོད། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་དང་བོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་2017ལོར་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་ཚད་མི་ཐེངས་ཁྲི་2561.4ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་379.4ཟིན་པ་དེས་ལོ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་28.95%བཟུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།