[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ད་ཆ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་གནམ་དེ་བས་སྔོ་བ་དང་། རི་དེ་བས་ལྗང་བ། ཆུ་དེ་བས་དྭངས་བ་བཅས་འཚོ་བར་རེ་བས་ཁེངས།

    སྣོད་བཅུད་ཡག་པོ་བསྲུངས་ནས་སྔོ་ལྗང་གི་ཕན་འབྲས་མཉམ་དུ་སྤྱོད།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-12-10

    574859_yis_1544331526060_s.jpg

    ཚ་རགས་གྲོང་ཚོའི་ནགས་སྲུང་བས་གནའ་བོའི་ཤིང་སྡོང་གི་སྐྱེ་འཚར་ལ་ལྟ་བ།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་རྒྱུད་དུ་གནས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོ་ནི་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཚ་རགས་གྲོང་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གཙོ་གནད་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་། གྲོང་ཚོའི་རྣམ་པ་བཅོས་སྒྲིག གྲོང་ཚོར་སྔོ་ལྗང་གི་མཛེས་རྒྱན་སྤྲོད་པ། གྲོང་ཚོར་གཞུང་ལམ་ཤར་གཏོང་། ནུས་རྒྱུ་གཙང་མ་ཁྱབ་གདལ། ཞིང་དུད་འཕྲོད་བསྟེན་གྱི་གསང་སྤྱོད་གསར་བརྗེ་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སེམས་ནུས་གཅིག་སྒྲིལ་གྱིས་སྣོད་བཅུད་སྲུང་སྐྱོང་བྱས་པ།

    དུས་ཡུན་རིང་པོའི་ནང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཚ་རགས་གྲོང་ཚོས“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ལག་ལེན་ནན་ཏན་བསྟར་བ་དང་། སྣོད་བཅུད་ཡག་པོར་དམིགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གནའ་བོའི་གྲོང་ཚོའི་གནམ་དེ་བས་སྔོ་བ་དང་། རི་དེ་བས་ལྗང་བ། ཆུ་དེ་བས་དྭངས་བའི་ཆེད་དུ་འབད་འཐབ་བྱེད་དང་བྱེད་མུས་སུ་མཆིས།

    ཚ་རགས་གྲོང་ལྷན་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པ་དང་དགུན་ཁ་ཤར་ནའང་རྒྱལ་ལམ་318གཞོགས་གཉིས་ཀྱི་ལྗོན་ཤིང་སྔར་བཞིན་སྐྱེ་འཚར་རྒྱས་བཞིན་ཡོད། ཚ་རགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཝེ་ཝེ་ཡིས“ཆུ་ཤུར་རྫོང་དུ་སྟོན་དགུན་གཉིས་ལ་གནམ་གཤིས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེན་པོ་ཡོད་པས་དུས་བཀག་ལྟར་མི་སྣ་སྒྲིག་འཛུགས་བྱས་ནས་ལྕང་མར་ཆུ་བརྒྱབ་ནས་སྔ་དགོང་གི་དྲོད་ཚད་སྙོམ་ཐབས་བྱེད་པ་དང་། དེ་ལྟར་བྱས་ཚེ་མཚན་མོ་དྲོད་ཚད་དམའ་བའི་རྐྱེན་གྱིས་འཁྱགས་པ་མ་ཐེབས་པ་སྔོན་འགོག་བྱེད་ཐུབ། གཞན་ཡང་གྲལ་སྟར་སྒྲིག་པའི་ལྗོན་ཤིང་གིས་ཀྱང་གྲོང་ཚོར་བྱེ་རླུང་འགོག་པར་ནུས་པ་ཆེན་པོ་ཐོན་གྱི་ཡོད”ཅེས་བཤད།

    “དེ་སྔ་གྲོང་ཚོར་བྱེ་རླུང་ཆེན་པོ་འཚུབ་ཀྱི་ཡོད། ཕྱིར་ཐོན་སྐབས་ལུས་པོ་ཚང་མ་གཏུམས་ཀྱང་བྱེ་མས་ཁེངས་ཀྱི་ཡོད། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་རྗེས་གནས་ཚུལ་དེ་རིགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་འདུག”ཅེས་ཙུའུ་གཉིས་པའི་ཙུའུ་ཀྲང་མཚམས་ལགས་ཀྱིས་མྱོང་ཚོར་ཆེན་པོའི་སྒོ་ནས་དེ་ལྟར་བཤད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔར་ཚ་རགས་གྲོང་ཚོའི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་16ལྷག་ཙམ་དང་ནགས་སའི་རྒྱ་ཁྱོན་མུའུ་ཁྲི་2.4ལྷག་ཙམ་ཟིན་ནས་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རྩྭ་དང་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་དང་སྔོ་ཤིང་དྭངས་བའི་རི་ཆུ་བསྲུང་རྒྱུ་དེ་ཚ་རགས་གྲོང་ཚོའི་མི་རྣམས་ཀྱི་ངོས་འཛིན་གཅིག་མཐུན་དུ་གྱུར་ཡོད།

    སྣོད་བཅུད་ཀྱི་བཀྲག་མདངས་དེ་བས་འཚེར་བ།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནི་དམངས་འཚོ་དང་འབྲེལ་བ་ཆེན་པོ་ཡོད། ལོ་འདི་དག་ནང་ཚ་རཌ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དྲིལ་བསྒྲཌ་ཆེན་པོ་བྱས་པ་དང“སྣོན་འཕྲིའི་བྱེད་ཐབས”ཡག་པོ་སྤྱད་ནས་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུཌ་སྣོན་བརྒྱབ་ཡོད།

    མེད་པར་བཟོ་དགོས་རིགས་ཚང་མ་མེད་པར་བཟོས་པ། སྣོད་བཅུད་གྲོང་ཚོ་གཏོད་འཛུགས་མ་བྱས་གོང་ཚ་རགས་གྲོང་ཚོའི་སོག་མ་མང་ཆེ་བ་ཞིང་ནང་དུ་མེར་སྲེག་གི་ཡོད་པ་དང་། ལྷག་པར་དུ་སོག་མ་གང་སར་སྤུངས་ནས་བཞག་པ་ལྷགས་པས་རྒྱུག་ཆུ་དང་ཆུ་ཡུར་དུ་དེད་ནས་གྲོང་ཚོའི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་ཤུགས་ཆེན་བཏང་བ་བརྒྱུད་ཚ་རགས་གྲོང་ཚོར་སོག་མ་མེ་སྲེག་གཏོང་མཁན་མེད་པ་དང་དུས་མཚུངས་སོག་མ་གཟན་ཆག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སོག་མ་བེད་སྤྱོད་ནུས་ལྡན་བྱས་པས་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་འདེད་ཐེབས་ཡོད།

    ཁ་སྣོན་བྱེད་དགོས་རིགས་ཚང་མ་བསྣན་པ། ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས། ཚ་རགས་གྲོང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་ཕྱོགས་མང་ནས་མ་དངུལ་གྲབས་གསོག་བྱས་ཏེ་གྲོང་ཚོ་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད། དུད་ཚང་རེ་རེའི་གཙང་སྦྲའི་ས་ཁོངས་གཏན་འཁེལ་བྱས་པ་དང་ཉིན་ལྟར་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་མི་སྣས་གཙང་སྦྲ་རུ་ཁག་གི་རུ་མིར་གད་སྙིགས་གཙང་འཕྱག་དང་གཙང་སེལ་ལ་ལྟ་སྐུལ་བྱེད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཟོས་ཏེ《ཁོར་ཡུག་སྲུང་སྐྱོང་གི་གྲོང་སྲོལ་དམངས་ཆིངས》དང《གྲོང་ཚོ་རིམ་པའི་གཙང་སྦྲའི་ལམ་ལུགས》བཟོས་ནས་ལོ་མཇུག་གི་དཔྱད་ཞིབ་ཁྲོད་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་གྲོང་ཚོ་དེའི་སྤྱིའི་ལས་དོན་གྱི་ཁོངས་སུ་བཅུག་སྟེ་དཔྱད་ཞིབ་བྱས་པ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུན་ལྡན་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྐྱེ་ལྡན་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པ།

    ནོར་ལུག་གི་ཁྱུ་ཚོགས་ནི་ཚ་རགས་ལུང་གཞུང་གི་མཛེས་ལྗོངས་ཤིག་རེད། ཚ་རགས་ལུང་གཞུང་དུ་རི་མཐོའི་སྤང་ཐང་དང་། རི་མཐོ་ཕལ་བའི་སྤང་ཐང་། རོང་སའི་ས་བབ་དམའ་ཞིང་རློན་པའི་སྤང་ཐང་བཅས་ཀྱིས་འབྲོག་ལས་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། དེ་དང་ཆབས་ཅིག་ཚ་རགས་གྲོང་ཚོས་རྩྭ་ར་འགན་གཙང་གཉེར་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་མ་དངུལ་དོན་འཁྱོལ་བྱས་ནས་རྩྭ་ར་རྒྱུན་མཐུད་ངང་སྤྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    གྲོང་མི་ཉི་ཚེས“རྩྭ་ར་འགན་གཙང་གཉེར་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་རྗེས་ལོ་ལྟར་རྩྭ་རའི་ཁ་གསབ་སྒོར་6000ལྷག་ཙམ་ཡོད། ལྷད་མེད་ཀྱི་གཟན་རྩྭར་བརྟེན་ནས་གསོ་ཚགས་བྱས་པའི་ནོར་ལུག་གི་ཤ་ཡག་པོ་ཡོད་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག”ཅེས་གསར་འགོད་པར་བཤད། ད་ཆ་ཉི་ཚེའི་ཁྱིམ་དུ་འབྲི་གཡག་85དང་ལུག་34གསོ་ཚགས་བྱས་པ་དང་ལོ་ལྟར་ཕྱུགས་ཟོག་བཤས་བཏང་བ་ཁོ་ནའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ལྗང་མདོག་གི་སྐྱེ་ལྡན་འདེབས་འཛུགས་གསོ་ཚགས་ཀྱི་གོ་སྐབས་དང་བསྟུན་ནས་གྲོང་མི་ཚོར་ལས་གཏོད་ཀྱི་བསམ་བློ་འཁོར་ཞིང་། གྲོང་མི་ཟླ་བ་ཚེ་རིང་གིས་རང་ཁྱིམ་གྱི་སྒོ་རའི་ནང་བོད་བྱ་1000ལྷག་ཙམ་གསོ་ཚགས་བྱས་པ་དང་། གྲོང་མི་ཟླ་གཞོན་གྱིས་ལྗང་མདོག་སྐྱེ་ལྡན་ཞོག་ཁོག་ལས་སྣོན་ཞིབ་ཕྲ་བྱེད་པ་དང་ལྷ་སར་གཏན་འཇགས་ཀྱི་ཕྱིར་འཚོང་བྱེད་ས་ཡོད་པས། མིག་སྔར་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།