[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ​ དུས་རབས་གསར་པ་ཡི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ།

    མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བ་པད་མ་དབང་རྒྱལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ གསར་འགོད་པ། ཚེ་བརྟན་རྡོ་རྗེ།    |    སྤེལ་དུས།   2018-05-12

    001.jpg

    འདི་ནི་མ་ཕམ་གཡུ་མཚོ་ཡིན་པ། ( ཟླ་5ཚེས་10ཉིན་པར་བླངས)

    པད་མ་དབང་རྒྱལ་ནི་མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་བ་ཞིག་ནས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་བར་གྱུར་ཡོད། ཁོང་ད་ལོ་ལོ་30སླེབས་པ་དང་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན། ཁོང་2011ལོར་མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་མཁན་གྱི་ལས་ཀར་ཞུགས་པ་ནས་ལོ་མང་རིང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འཐབ་ས་མདུན་སར་བརྟན་སྲུང་བྱེད་པ་དང་ཆེས་གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་བྱེད་བཞིན་ཡོད་པ་རེད།

    002.jpg

    འདི་ནི་པད་མ་དབང་རྒྱལ་གྱིས་གསར་འགོད་པར་མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། ( ཟླ་5ཚེས་10ཉིན་པར་བླངས)

    ཁོང་གིས་གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་དེ་ཁོར་ཡུག་སྲུང་སྐྱོང་འགན་འཁྲི་ལག་ལེན་བྱེད་པའི་ཆེས་གཞི་རིམ་དང་ཆེས་རྨང་གཞིའི་འདེགས་སྐྱོར་ནུས་པ་ལྡན་པ་ཞིག་རེད་ལ། ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་གལ་ཆེའི་ཐབས་ལམ་དང་ནུས་ལྡན་གྱི་བྱེད་ཐབས་ཞིག་ཀྱང་རེད་ཅེས་བཤད།

    ཁོང་གིས་ཁོར་ཡུག་དོ་དམ་དང་སྲུང་སྐྱོང་བ་ཞིག་ཆགས་པ་ནས་བཟུང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་ཞིག་ཏུ་བརྩིས་ནས། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཤེས་བྱ་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་ཤེས་བྱ་མང་པོ་སློབ་སྦྱོང་བྱས་ནས་དུས་རྒྱུན་གྱི་ལས་ཀའི་ཐོག་བེད་སྤྱོད་གཏོང་ཐུབ་པ་བྱེད་ཀྱི་ཡོད།

    ཁོང་གིས། མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཁོར་ཡུག་དོ་དམ་དང་སྲུང་སྐྱོང་ས་ཚིགས་6ཡོད་པ་དང་།  མ་ཕམ་གཡུ་མཚོར་སྐོར་ཞིབ་བྱེད་དུས་རང་གི་སྦག་སྦག་བཞོན་ནས་འགྲོ་གི་ཡོད། དབྱར་དུས་ཡུལ་སྐོར་བ་མང་བའི་དུས་སུ་གད་སྙིགས་མང་པོ་ཡོང་གི་ཡོད་པས་ཉིན་གཉིས་གསུམ་ཐོག་སྐོར་ཞིབ་ཐེངས་གཅིག་དང་དགུན་དུས་ཡུལ་སྐོར་བ་ཉུང་བས་ཉིན་བཞི་ལྔ་ལ་སྐོར་ཞིབ་ཐེངས་གཅིག་བྱེད་ཀྱི་ཡོད། དུས་རྒྱུན་གྱི་སྐོར་ཞིབ་ནང་རང་བྱུང་ཁོར་ཡུག་ཁུལ་ལ་གད་སྙིགས་ཡོད་མེད་དང་སེམས་ཅན་ཤི་བའི་རོ་ཡོད་མེད་བལྟས་ནས་གཙང་བཟོ་བྱེད་པ། འདམ་རའི་སྤང་རྩྭ་གཏོར་བཤིག་བྱུང་ཡོད་མེད་ཤེས་རྟོགས་བྱ་རྒྱུ་དེ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།