[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སུ་ས་གཤིས་ཀྱི་རྒྱལ་བབ་ཡོངས་ཁྱབ་ཞིབ་བཤེར་ཐོག་མ་ལེགས་གྲུབ་བྱུང་བ།

    བོད་ལྗོངས་ཀྱི་ནགས་ཚལ་ཁྱབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    བོད་ལྗོངས་ཀྱི་ས་གཤིས་ཀྱི་རྒྱལ་བབ་ཡོངས་ཁྱབ་ཞིབ་བཤེར་ཐོག་མ་ལེགས་སྒྲུབ་བྱུང་བ་དང་ཆབས་ཅིག་ཞིབ་བཤེར་ཐོབ་ནས་ལྗོངས་ཡོངས་ཀྱི་ས་གཤིས་ཀྱི་རྒྱལ་བབ་ཐེངས་དང་པོར་ཕྱོགས་ཡོངས་དང་ཡང་དག་ངང་གསལ་རྟོགས་ཐུབ་ཡོད། བརྟག་དཔྱད་ལས་མངོན་པར། བོད་ལྗོངས་ཀྱི་ནགས་ཚལ་ཁྱབ་ཚད་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་93.8744ཟིན་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་78%བཟུང་ནས་ཁྱབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་དུས་ཡུན་ལོ་3ལྷག་ཙམ་བྱས་པ་དེར་འབྱེད་ནུས་ཆེ་བའི་རྒྱང་ཚོར་བརྙན་ཤེལ་སྤྱད་དེ་ལས་རིགས་མང་པོའི་ཆེད་ལས་ཀྱི་གཞི་གྲངས་འཚོལ་བསྡུ་དང་བསྡུ་སྒྲིལ་བྱས་ནས་ཁང་པའི་ནང་དུ་དབྱེ་ཞིབ་དང་བརྡར་ཤ་ཡང་དག་གཅོད་པ་དང་ཕྱི་རོལ་གྱི་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ས་གཤིས་གྲུབ་ཆའི་བར་སྣང་ཁྱབ་ཚུལ་ཕྱོགས་ཡོངས་ནས་རྩད་ཆོད་མཐའ་གསལ་ཐུབ་པ་དང་ས་གཤིས་ཀྱི་རྒྱལ་བབ་ས་བཀྲ་བྲིས་ཏེ་རྒྱལ་བབ་དང་རྒྱལ་སྟོབས་གཞན་བརྟག་དཔྱད་ལ་གཞི་གྲངས་ཀྱི་རྨང་གཞི་བཏིང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཐིང་ཀྲང་ལེང་ཅན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་མངོན་གསལ་དོད་པས་ས་ངོས་ནག་ཐིག་ཁྲི་440ལྷག་ཙམ་དང་ས་གཤིས་ཀྱི་རྒྱལ་བབ་ཀྱི་གྲུབ་ཆའི་གཞི་གྲངས་ཁྲི་118ལྷག་ཙམ་ཐོབ་ཡོད་པ་རེད།

    ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་བོད་ཀྱི་ས་བབ་མཐོ་བའི(སྨི་3500ནས་5000བར)དང་ས་བབ་དེ་བས་མཐོ་བའི་ས་ཁོངས(སྨི་5000ཡན་ཚུད་པ)ཀྱིས་རང་སྐྱོང་ལྗོངས་ཀྱི་སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་93.69%བཟུང་བ་དང་། འདེབས་འཛུགས་ས་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་5450.63ཟིན་པ། ནགས་ཚལ་ཁྱབ་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་938,744.64ཟིན་པ། ཆུའི་སྤྱིའི་རིང་ཚད་སྟོང་སྨི་1,074,542.16ཟིན་པ། ཆུ་ཡུར་གྱི་སྤྱིའི་རིང་ཚད་སྟོང་སྨི་10161.55ཟིན་པ། མཚོའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་33764.60ཟིན་པ། ཆུ་མཛོད་ཀྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་139.64ཟིན་པ། འཁྱགས་རོམ་དང་ལོ་འཁོར་མོར་གངས་གསོག་ཐེབས་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་20149.79ཟིན་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།