[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྒྱང་ཚོར་ལྟ་དཔྱད་འབྲས་བུ་ལས་མངོན་དོན།

    བོད་ཀྱི་མི་ཐབས་རྩྭ་རས་རྩྭ་ཐང་སྣོད་བཅུད་ལེགས་གཏོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-29

    ཉིན་ཤས་གོང་། 《བོད་ཀྱི་མིས་བཏབ་རྩྭ་རའི་རྒྱང་ཚོར་ལྟ་དཔྱད་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ་རེད། ལྟ་དཔྱད་གྲངས་གཞི་ལས་མངོན་དོན། མིས་བཏབ་རྩྭ་རའི་རྣམ་གྲངས་ཀྱིས་ས་མཐོའི་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་དང་རྩྭ་ཕྱུགས་ཀྱི་འགལ་བ་སེལ་བ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

    བོད་ནི་རྒྱལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་རང་སྐྱོང་ལྗོངས་ཤིག་ཡིན། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། 2012ལོ་ནས་བཟུང་བོད་ཀྱིས་ལྗོངས་ཡོངས་སུ་མིས་བཏབ་རྩྭ་རའི་རྣམ་གྲངས་ཁྱབ་གདལ་བཏང་སྟེ་མི་ཕྱུགས་ཀྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་སོང་བ་ལས་ཐོན་པའི་རྩྭ་ཐང་གི་སྣོད་བཅུད་བདེ་འཇགས་ཀྱི་གནད་དོན་ཞི་ལྷོད་དུ་བཏང་བ་རེད། ད་རེས་མིས་བཏབ་རྩྭ་རའི་རྒྱང་ཚོར་ལྟ་དཔྱད་བྱེད་དོན་ནི་མི་བཏབ་རྩྭ་རའི་རྣམ་གྲངས་ལོ་6ལག་ལེན་བསྟར་རིང་ཐོབ་པའི་ཕན་འབྲས་ལ་ཁྱོན་ཡོངས་དང་། ཚན་རིག་དང་མཐུན་པ། གནད་ལ་འཕིགས་པའི་སྒོ་ནས་ཚོད་སྐོར་བྱས་ཏེ་འབྱུང་འགྱུར་མི་བཏབ་རྩྭ་རའི་འཆར་གཞི་འགོད་རྒྱུར་དཔྱད་གཞི་མཁོ་འདོན་བྱ་རྒྱུའི་ཆེད་དུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ཀྱི་མིས་བཏབ་རྩྭ་རའི་རྒྱང་ཚོར་ལྟ་དཔྱད་སྤྱི་བསྒྲགས》དེ་བོད་རང་སྐྱོང་ལྗོངས་རྒྱང་ཚོར་བཀོལ་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱིས་ལྟ་དཔྱད་དབྱེ་ཞིབ་བྱས་ནས་བྱུང་བ་ཞིག་རེད། འདི་ལོའི་ཟླ་3ཚེས་8ཉིན། རྣམ་གྲངས་ཚོགས་པས་ལྗོངས་ཡོངས་ཀྱི་མིས་བཏབ་རྩྭ་ར་1066ས་ནས་དཔེ་མཚོན་རྩྭ་ས་153བདམས་ཏེ་རྒྱང་ཚོར་གྲངས་གཞི་སྤྱད་ནས་མི་བཏབ་རྩྭ་ར་འདེབས་པའི་སྔ་རྗེས་ཀྱི་འདེབས་འཛུགས་ཕན་འབྲས་ལ་ཐད་ཀར་བསྡུར་བ་བཏང་བ་དང་ཆབས་ཅིག རྩིས་རྒྱག་པ་བརྒྱུད་དུས་སྐབས་མི་འདྲ་བའི་རྩྭ་རའི་སྐྱེས་ཚུལ་ཤེས་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།