[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྣོད་བཅུད་མི་སྣས་རྫ་ཆུའི་ཆུ་འགོ་ནས་རྩ་ཆེའི་སྲོག་ཆགས་ཐོག་མར་པར་དུ་བླངས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-12

    ཉེ་དུས། རྫ་ཆུའི་ཆུ་འགོའི་ཁུལ་དུ་སྣོད་བཅུད་ལ་བརྟག་དཔྱད་མཐིལ་རྟོགས་ཀྱི་བྱེད་སྒོའི་ཁྲོད་ཡུན། ནན་ནས་ཡོང་བའི་རང་བྱུང་ཚན་རིག་ལ་དགའ་མཁན་ཞིག་གིས་ས་གནས་དེ་གའི་གཡི་ཐོག་མར་མཐོང་ནས་པར་དུ་བླངས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དང་། ཨ་རི། དབྱིན་ཇི། ཧྥ་རན་སེ་སོགས་རྒྱལ་ཁབ་ནས་ཡོང་བའི་རུ་ཁག་17དང་རུ་མི་54 ཟླ་7ཚེས་20ཉིན་རྫ་ཆུའི་ཆུ་འགོའི་ནང་ཆེན་རྫོང་དུ་མཉམ་འཛོམས་ཀྱིས་ས་གནས་དེ་གའི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྣོད་བཅུད་བརྟག་དཔྱད་བྱེད་འགོ་ཚུགས་ཡོད། ད་རེས་ཀྱི་བརྟག་དཔྱད་ནང་། དམངས་ཁྲོད་ཀྱི་རང་བྱུང་ཚན་རིག་ལ་དགའ་པོ་བྱེད་མཁན་མང་པོ་གདན་ཞུ་བྱས་ནས་ཉིན་ཁ་ཤས་ཕྱི་རོལ་ཡུལ་དུ་བརྟག་དཔྱད་བྱས་པ་བརྒྱུད། རུ་མི་ཚོས་ས་གནས་དེ་གའི་གཡི་དང་། ཤྭ་བ་མཆུ་དཀར། དགོ་བ་སོགས་གཅན་གཟན་རི་དྭགས་རིགས་15ཙམ་པར་བླངས་པ་དང་ལོ་མ་ལྔ་ལྡན་གྱི་རྩི་ཤིང་སོགས་རྩི་ཤིང་རིགས་222ཤེས་རྟོགས་བྱུང་བ་དེ་ལས་རྫ་ཆུའི་ཆུ་འགོའི་ཁུལ་གྱི་སྣོད་བཅུད་རྣམ་པ་ལེགས་པོ་ཡོད་པ་དང་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཡིན་པ་གསལ་བཤད་ཐུབ་ཅིང་།

    432988_yis_1505106161559.jpg

    འདི་ནི་བརྟག་དཔྱད་རུ་མིས་པར་བླངས་པའི་གཉན་ཡིན་པ་དང་། གཉན་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ།

    432991_yis_1505106163728.jpg

    འདི་ནི་བརྟག་དཔྱད་རུ་མིས་པར་བླངས་པའི་རི་མཐོའི་རྒོད་ཡིན་པ་དང་། རྒོད་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ།

    432990_yis_1505106162901.jpg

    འདི་ནི་བརྟག་དཔྱད་རུ་མིས་པར་བླངས་པའི་གང་གཱའི་སྤྲེའུ་ཡིན་པ་དང་། གང་གཱའི་སྤྲེའུ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ།

    432989_yis_1505106161887.jpg

    འདི་ནི་བརྟག་དཔྱད་རུ་མིས་ནང་ཆེན་རྫོང་ནས་པར་བླངས་པའི་གཡི་ཡིན་པ་དང་། གཡི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ།

    432992_yis_1505106164274.jpg

    འདི་ནི་བརྟག་དཔྱད་རུ་མིས་པར་བླངས་པའི་གཉན་ཡིན་པ་དང་། གཉན་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།