[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“རང་ལྗོངས་ཀྱི་དམིགས་བསལ་སྨན་ནུས་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་བྱེད་པའི”ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་དམིགས་བསལ་སྨན་ནུས་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་བྱེད་པའི་བརྟག་ཞིབ་གནས་ཚུལ་སྙན་སེང་ཞུས་པ་དང་། ཚོགས་ཞུགས་ཚན་པ་ཁག་གི་འཐུས་མིས་མཉམ་མྱོང་སྤེལ་རེས་དང་གཏམ་བཤད་བྱེད་རེས་བྱས་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་ཚོགས་འདུར་ཞུགས་པ་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཀྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི་དམིགས་བསལ་སྨན་ནུས་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་བྱེད་པར་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འདོན་དགོས་པས་དམིགས་བསལ་སྨན་ནུས་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་པ་དང་། དམིགས་བསལ་སྨན་ནུས་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་ལ་ཚན་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོང་དང་ཐོན་ཁུངས་གསར་སྤེལ་གྱི་ངོ་བོ་གསལ་པོ་བཟོ་དགོས་པ། ཁོར་ཡུག་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོ་སྔོན་ལ་འཇོག་རྒྱུར་སྣང་ཆེན་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་སྐྲུན་གང་ཐུབ་བྱེད་དགོས་པ། ཆུ་ཚན་གྱི་ཐོན་ཁུངས་དོ་དམ་བྱེད་པའི་བརྗོད་དོན་གཙོ་བོ་གསལ་པོ་བཟོས་ནས་ཆུ་ཚན་གྱི་ཐོན་ཁུངས་སྲུང་སྐྱོང་དང་། བེད་སྤྱོད། འཕེལ་རྒྱས་སོགས་ཆ་ལག་ཚང་བའི་ལས་དོན་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།