[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བའི་བཀོད་སྒྲིག་ཚོགས་འདུའི་ཐོག

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

    ​ ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲོང་ཡན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བའི་རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དེ་གོ་སྐབས་སུ་བྱས་ནས་གནད་དོན་གྲལ་བཤེར་དང་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་སེམས་ཐག་གཙང་བཅད་ཀྱི་རྣམ་འགྱུར་དང་། ཆེས་ནན་ཤོས་ཀྱི་ལམ་ལུགས། ཆེས་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་ལ་འགན་འཁུར་བའི་རྒྱུགས་ཤོག་ཅིག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བའི་རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་གཡུང་ཅུན་དང་། ཧྥང་ལིན་མིན། ཀྲང་ཡུང་ཙེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏིང་པའི་ལས་དོན་གྱི་རྨང་གཞི་བཟང་པོའི་ཐོག་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱས་པ་ཞིག་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། སྣོད་བཅུད་འདུ་འགོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ཤིང་འཛུགས་ནགས་བཟོའི་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་པས་གངས་ལྗོངས་ས་མཐོའི་རྩི་ཤིང་དང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱུང་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ད་ཐེངས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་རང་ལྗོངས་སུ་བཅའ་སྡོད་བྱས་དོན་གཙོ་བོ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད། ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་མཚམས་གོང་མའི་ལས་དོན་གྱི་རྨང་གཞིའི་ཐོག་ཀྲུང་དབྱང་གི“གཙོ་གནད་ལྔ”དང་དུས་མཚམས་གསུམ་གྱི་ལས་དོན་བཀོད་སྒྲིག་དང་བསྡུར་བ་ནན་ཏན་བྱས་ནས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་གནས་ཚུལ་སྙན་སེང་དང་། དཔྱད་གཞི་མཁོ་འདོན། ཆ་རྐྱེན་འགན་ལེན། ལྟ་ཞིབ་དག་ཐེར་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་བདེ་བླག་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ་སྟེ།

    གཅིག་ནས་ཕྱོགས་ཡོངས་ནས་གནད་དོན་གསེད་བཀྲོལ་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གཙོ་གནད་དང་ཚད་གཞིའི་བླང་བྱ་གཞིར་བཟུང་། རྣམ་གྲངས་རེ་རེ་བཞིན་གསེད་བཀྲོལ་དང་རྣམ་གྲངས་རེ་རེ་བཞིན་བཙལ་འཚོལ་བྱས་ནས་གནད་དོན་བཙལ་འཚོལ་གནད་ལ་འཁེལ་རྒྱུ་དང་རྒྱུ་རྐྱེན་དབྱེ་ཞིབ་གནད་ལ་འཁེལ་རྒྱུ་འགན་ལེན་བྱས་ཏེ་གནད་དོན་རྩ་བ་ནས་མི་འགེབས་པ་དང་མི་བདེན་རྫུན་སྒྲིག་རྩ་བ་ནས་མི་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་འགན་འཁྲི་བསྒྲུབས་སྐབས་ལྷག་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་དང་བཙལ་འཚོལ་གཏིང་ཟབ་བྱས་ཏེ་ཞིབ་བཤེར་བསུ་བའི་ལས་དོན་གྱི་ལས་བགོས་ཁ་གསལ་ཡོང་བ་བྱེད་དགོས་པ་དང་།

    གཉིས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། བཙལ་འཚོལ་དང་གསེད་བཀྲོལ་ཐུབ་པའི་ཁོར་ཡུག་གི་གནད་དོན་འཕྲལ་བསྟར་འཕྲལ་བཅོས་དང་། འཕྲལ་ཤེས་འཕྲལ་བཅོས། འཕྲལ་བཤེར་འཕྲལ་བཅོས་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལས་འགན་ཁག་བགོས་གནད་ལ་འཁེལ་བ་དང་། གནད་དོན་དག་ཐེར་གནད་ལ་འཁེལ་བ། འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བཅས་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་པ།

    གསུམ་ནས་ཞིབ་བཤེར་དཔྱད་ཡིག་འཐུས་སྒོ་ཚང་དུ་གཏོང་དགོས། ཞིབ་བཤེར་དཔྱད་ཡིག་ཁག་སྔར་བས་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་དུས་ཐོག་ཏུ་ལྟ་ཀློག་ཐུབ་པའི་འགན་ལེན་བྱེད་དགོས། ཞིབ་བཤེར་བསུ་བའི་དཔྱད་ཡིག་དངོས་ཐོག་བདེན་འཚོལ་དང་། དོན་དངོས་བློས་འགེལ། གྲངས་གཞི་ཁུངས་བཙན། འདེགས་སྐྱོར་ནུས་ལྡན་བཅས་ཡོང་བ་བྱེད་དགོས་པ།

    བཞི་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ནན་པོ་བྱས་ཏེ་སེམས་རྩ་འཁོལ་པོ་དང་། ཡག་པོ། བདེ་འཇགས། བབ་ཆགས་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ལས་དོན་ཁག་ཕྱོགས་ཡོངས་ནས་འགན་ལེན་ཡག་པོ་བྱས་ཏེ་ལས་དོན་དེ་སྤེལ་རྒྱུར་ཆ་རྐྱེན་བཟང་པོ་གཏོད་དགོས་པ།

    ལྔ་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་དགོས། གཙོ་གནད་གནད་དོན་སྔོན་འགོག་དང་། དཀའ་གནད་ཀྱི་གནད་དོན་ལ་དམིགས་པ། གླེང་མང་བའི་གནད་དོན་ཐག་གཅོད། སྤྱིར་བཏང་གནད་དོན་ལ་བརྡ་ལན་ཡོད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཆེད་མངགས་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གྲལ་བཤེར་དང་། གསེད་བཀྲོལ། སེལ་རྒྱུ་བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་དགོས་པ།

    དྲུག་ནས་ལས་ཀའི་ཁོར་ཡུག་བཟང་པོ་གཏོད་དགོས། རིམ་པ་ཁག་དང་རིགས་ཁག་གི་གསར་འགྱུར་སྨྱན་སྦྱོར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ངོས་འཛིན་གཅིག་གྱུར་དང་། གོམ་སྟབས་གཅིག་གྱུར། སེམས་མཐུན་སྟོབས་སྒྲིལ། ཞིབ་བཤེར་ལ་བསུ་བ་ཞུ་བ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཝུའུ་དབྱིན་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་། དངོས་སྒྲུབ་ཕན་ཆེའི་སྤྱོད་ཚུལ། ཏན་ཏིག་ནུས་ལྡན་གྱི་ལས་དོན་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་བཤེར་ལས་དོན་བསུ་བའི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱི་བསྡོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བྱེད་ཐབས་ལེགས་བཅོས། ལས་ཀའི་ལས་ཕྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཚད་གཞིའི་མཐོ་པོའི་ཐོག་ནས་ལྷུ་ཚིགས་ཁག་གི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གཅིག་སྡུད་གཞུང་དོན་སྒྲུབ་པ་དང་ཞིབ་བཤེར་བསུ་བའི་ལས་དོན་གྱི་སྒྲིག་གཞི་དང་སྟོབས་ཤུགས་འཐུས་སྒོ་ཚང་དུ་བཏང་སྟེ་བྱ་བ་སྒྲུབ་མཁན་དང་བྱ་བ་སྒྲུབ་ཤེས་མཁན་ཡོད་པ་བྱེད་དགོས། ལྟ་ཞིབ་སྒྲུབ་གཉེར་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་སྒྲུབ་གཉེར་བྱས་ཏེ་ཁོར་ཡུག་གནད་དོན་གྱི་བཅོས་སྒྲིག་དོན་འཁྱོལ་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་བསྙེགས་བྱེད་དགོས། འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་ཤེས་རྟོགས་བྱུང་བའི་ཁོར་ཡུག་གི་གནད་དོན་དང་ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་བ་ལས་ངོ་སྲུང་ལྟ་རྟོག་བརྟན་ནས་བྱེད་མི་རུང་བའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།