[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྔོ་ཚལ་གྱི་ཐོན་ལས་ལ་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-19

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ལྷོ་ཁ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”འདུ་འགོད་འཕྱོངས་རྒྱས་ཁུལ་གྱི་མུའུ་སྟོང་གི་ཡུག་འབྲེལ་སྔོ་ཚལ་རྟེན་གཞིར་བརྟེན་ནས། སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་གཞན་སྒྱུར་བྱས་ཏེ། འགྱིག་ཤོག་དྲོད་ཁང་ནང་ཀྲོ་མ་ཀྲུ་དང་། སུར་པན། ཧོང་ཀྭ་སོགས་ཀྱི་སྔོ་ཚལ་བཏབ་པ་དང་། ས་ཆ་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྱངས་ནས་ཁྱིམ་ཚང་གི་སྒོ་རྩར་ལས་ཞུགས་བརྟན་པོ་བྱུང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད།


    68291185-271a-423e-b86f-a3644ca7e061.jpg.jpg

    འདི་ནི་ས་ཆ་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་རྟེན་གཞིར་སྔོ་ཚལ་འདེབས་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།