
འདི་ནི་དག་པ་གྲོང་ཚོའི་གྲོང་མིས་རྫ་ཆས་བཟོ་བཞིན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་དག་པའི་རྫ་ཆས་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་ཁག་དགུ་པའི་སྐུལ་འདེད་འོག་དག་པ་གྲོང་ཚོས་ནན་ཅིང་ཀའོ་ཁྲུན་སྨི་ཧྲེང་རྫ་ཆས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་པ་དང་ཕྱོགས་གཉིས་པོས་མ་རྩ་མཉམ་འཇོག་ཀུང་སི་བཙུགས་པ་རེད། མིག་སྔར་དག་པ་གྲོང་ཚོས་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་གླིང་གཏོད་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།