[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལག་ཤེས་སྦྱངས་ནས་ཡོང་འབབ་འཕར་ཐབས་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-23

    1327226_yis_1637596800000_s.jpg

    འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་འཚེམ་བུ་རྒྱག་སྟངས་སྦྱོང་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་བྱང་ཚད་མཐོ་བའི་ཞིང་པ་གསོ་སྦྱོང་གི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་དང་། ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་པ་མང་ཚོགས་རང་ཡུལ་དུ་ལས་ཞུགས་ལས་གཏོད་བཅས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས་གསོ་སྦྱོང་བྱ་ཡུལ་གདམ་གསེས་ནན་པོ་དང་། ཚན་རིག་དང་མཐུན་པའི་ངང་གསོ་སྦྱོང་གི་ནང་དོན་བཀོད་སྒྲིག གཏན་འཁེལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གསོ་སྦྱོང་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས་ཞིང་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།