[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁང་དམར་རྫོང་གིས་ཞིང་འབྲོག་ལས་མཉམ་ལས་ཁང་གི་དཔལ་འབྱོར་ཕྱོཌ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-15

    ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུ་དེ་འབྲོག་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩིས་ཏེ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་དེ་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ཕྱོགས་སུ་སྒྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས། རྫོང་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བརྟན་པོ་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་47གྱི་མཉམ་ལས་ཁང་236གིས་ཞིང་འབྲོག་མང་ཚོགས་དུད་ཚང་3211མ་རྐང་ནང་ཞུགས་རྒྱུར་ཚུར་འགུག་བྱས་པ་རེད།

    གྲོང་ཚོའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་ཚོའི་ཧྲུའུ་ཅི་དང་པོ། ཏང་ཡོན་བཅས་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་གི་ལས་འཛིན་དཔོན་དང་། ཁྲིམས་མིའི་འཐུས་མི། ཁོངས་མི་བཅས་ཀྱི་འགན་ཁུར་ནས་མཉམ་ལས་ཁང་གི་མ་རྐང་ནང་དང་ཐོག་ཞུགས་པ་དང་མང་ཚོགས་ཚོར་དངུལ་སྨར་དང་། ས་ཆ། ཕྱུགས་ཟོག སྒྲིག་ཆས་སོགས་ཀྱི་རྣམ་པའི་ཐོག་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་པར། ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་། མ་དངུལ་རྐང་དངུལ་ལ་འགྱུར་བ། ཞིང་པ་རྐང་མིར་འགྱུར་བ་བཅས་བྱུང་བ་རེད།

    དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། “ཚོད་ལྟའི་ཁུལ་ཆུང་ཆུང”དེ“ཡོངས་ཁྱབ་ཆེན་པོར”གྱུར་ཞིང་། ཁང་དམར་རྫོང་གིས་དཔེ་སྟོན་ཁང་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་གི་དཔྱད་བསྡུར་གཏན་འབེབས་ཀྱི་སྟོན་རྟགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། དཔེ་སྟོན་ཁང་གི་དཔྱད་བསྡུར་གཏན་འབེབས་འཚོལ་ཞིབ་བྱས་པ། ཡིད་རྟོན་ཡག་པ་དང་ཉམས་མྱོང་དང་ཕན་འབྲས་ལྡན་པའི་མཉམ་ལས་ཁང་ལ་སྲིད་ཇུས་ཀྱི་རོགས་སྐྱོར་ཐད་གཟིགས་སྐྱོང་བྱས་པ་བཅས་རེད། དུས་མཚུངས་སུ་རྫོང་དེས་མཉམ་ལས་ཁང་གི་སྤུས་ཚད་རིམ་སྤོར་དང་དཔེ་སྟོན་ཁང་སྐྲུན་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་ནན་ཏན་བྱས་ནས་ལམ་ལུགས་འཐུས་ཚང་དང་འཁོར་རྒྱུག་ཚད་ལྡན་གྱི་ཞིང་འབྲོག་པའི་མཉམ་ལས་ཁང་གི་དཔེ་མཚོན་ཁག་གཅིག་བཏོད་དེ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།