[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱད་ལྡན་ཐོན་ཟོག་ཀུན་གྱི་གདམ་གར་གྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    677710_yis_1573104801044.jpg

    བོད་ལྗོངས་ཙང་ཡོན་ནས་ཆང་མ་རྐང་ཚད་ཡོད་ཀུང་སིས“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་ཐོན་ལས་བྱེད་སྟངས་ལ་བརྟེན་ནས་གཉེར་སྐྱོང་བྱེད་ཀྱི་ཡོད། ཀུང་སིར་ད་ཆ་ནས་འབྲུའི་རྟེན་གཞི་མུའུ་ཁྲི་2ལྷག་ཙམ་དང་ནས་ཆང་ཚང་གཅིག་ཡོད་པ་ལས་ཡུལ་དེ་གའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་དུས་མཚུངས། ཡུལ་དེའི་མང་ཚོགས་དབུལ་པོ་ཁག་གཅིག་གི་ལས་ཞུགས་གནད་དོན་ཡང་བསལ་བ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཀུང་སི་དེའི་ཙང་ཡོན་ལན་པར་གྱི་སྲོལ་རྒྱུན་ནས་ཆང་དང་། བོད་རག དབྱར་རྩྭ་དགུན་འབུའི་ཆང་། ནས་ཀྱི་སྦི་རག་སོགས་ཐོན་ཟོག་རབ་དང་རིམ་པར་ལྗོངས་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཟབ་མོ་ཐོབ་ཡོད།

    འདི་ནི་བོད་ལྗོངས་ཙང་ཡོན་ནས་ཆང་མ་རྐང་ཚད་ཡོད་ཀུང་སིའི་ལས་མིས་ཀུང་སིའི་སྦི་རག་གི་བྲོ་བ་མྱོང་སར་མགྲོན་པོར་ཞབས་འདེགས་ཞུ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།