[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ངག་བསྟན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-25

    1974ལོར་སྐྱེས་པའི་ངག་བསྟན་ནི་ཞིང་པའི་བུ་ཕྲུག་ཅིག་ཡིན། “ཆར་ཆུ་མང་བའི་སྐབས་སྟོན་ཐོག་ཡག་པོ་ཡོད་པས་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་ཡོད། འོན་ཀྱང་འབྲུ་རིགས་ཀྱིས་ང་ཚོ་ནང་མི་ཚོའི་ལྟོ་གོས་འཕྱིས་ཙམ་རེད། གལ་ཏེ་གནམ་གཤིས་ཡག་པོ་མ་བསྟན་ན་གྲོད་པ་ལྟོགས་པར་སྡོད་རྒྱུ་ལས་མ་འདས”ཞེས་ལོ་མང་པོ་ཕྱིན་ཡང་དེ་སྔའི་འཚོ་བའི་སྐོར་ཤོད་སྐབས་ངག་བསྟན་ལ་སྔར་བཞིན་སེམས་པ་སྐྱོ་ལྷང་ལྷང་གི་ཚོར་བ་ཞིག་ཡོང་གི་ཡོད།

    1999ལོར་ངག་བསྟན་གྱི་གཅེན་པོས་སྒྱུར་བཅོས་སྒོ་དབྱེ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གསེར་གཡག་སྣུམ་སྣོན་ས་ཚིགས་བཙུགས་པ་དང་ངག་བསྟན་གྱིས་གཅེན་པོར་རོགས་པ་བྱས་ནས་དེ་གར་ལས་ཀར་བསྐྱོད་པས་གྲོང་མི་དཀྱུས་མ་ཞིག་ནས་ཉང་བྲན་ཤང་གསེར་གཡག་སྣུམ་སྣོན་ས་ཚིགས་ཀྱི་ཅིང་ལི་ཞིག་ཏུ་གྱུར།

    ཕྱུག་པོ་ཆགས་རྗེས་གྲོང་པ་ཁྱིམ་མཚེས་མ་བརྗེད་པ་བྱས་ཤིང་། ངག་བསྟན་གྱིས་ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱས་ནས་གཞན་ལ་རོགས་པ་བྱེད་དགོས་མིན་ཐད་བསམ་བློ་གཏོང་གི་ཡོད། ཤང་དང་གོང་རིམ་སྡེ་ཚན་གྱིས་སྤྱི་ཕན་བྱེད་སྒོ་སྤེལ་རིམ་བཞིན་ཁོང་གིས་གྲོང་མིའི་སྣེ་ཁྲིད་དེ་ཧུར་ཐག་ངང་ཞུགས། ཞིང་པ་ཏང་ཡོན་ཞིག་ཡིན་པའི་ཁོང་གིས་ཤང་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཉང་བྲན་ཤང་གི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    2016ལོ་ནས་བཟུང་། ཁོང་གིས་ཤང་གི་དུད་ཚང་དབུལ་པོ་རྣམས་སྣུམ་སྣོན་ས་ཚིགས་སུ་ལས་ཀ་བཀོད་སྒྲིག་བྱས་པ་དང་། ཟླ་རེར་གཏན་འཇགས་གླ་ཕོགས་ཕུད་ད་དུང་ཁོང་ཚོར་འགན་བཅོལ་ཡང་ཉོས་ཡོད། ངལ་རྩོལ་ནུས་ཤུགས་མེད་པའི་དུད་ཚང་དབུལ་པོར་ཁོང་གིས་ལོ་གསར་སོགས་དུས་ཆེན་འཆར་རིམ་བཞིན་འཚམས་འདྲིའི་དངུལ་དང་། འབྲས། གྲོ་ཞིབ། སྣུམ། ཕོ་ཁེབས་སོགས་འཚམས་འདྲིའི་དངོས་པོ་འཁྱེར་ནས་ལྟ་བར་འགྲོ་ཡི་ཡོད། ཁོང་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དངོས་པོའི་རོགས་རམ་ཁོ་ན་བྱས་ཙམ་མ་ཡིན་པར་ད་དུང་ཁྱིམ་ཚང་དེའི“རང་བརྟེན”ནུས་པ་འཕེལ་བར་བྱས་ཏེ་ཁྱིམ་ཚང་གི་འཚོ་བའི་དཀའ་གནད་རྩ་བ་ནས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    ལོ་དེ་དག་རིང་གི་འགྱུར་ལྡོག་ལ་བསམ་བློ་གཏོང་སྐབས་ངག་བསྟན་གྱིས་མྱོང་ཚོར་ཟབ་མོས“མི་གཞན་གྱི་རོགས་སྐྱོར་ཐོབ་དགོས་ན་རང་ཉིད་ཀྱིས་སྔོན་ལ་འབད་བརྩོན་བྱེད་དགོས། ད་ཆ་ཏང་དང་རྒྱལ་ཁབ་ཀྱིས་དུད་ཚང་དབུལ་པོར་ཐུགས་ཁུར་ཟབ་བཞེས་གནང་ནས་སྲིད་ཇུས་བཟང་པོ་བཏོན་པ་དང་གོ་སྐབས་མང་པོ་བཏོད་པས། གལ་ཏེ་ཁྱེད་རང་སྡུག་རུས་འཁྱོག་པོ་དང་། སྦྱོང་འདོད་ཡོད་པའི་ཁར་བསམ་བློ་གཏོང་མཁས་པ་ཞིག་ཡིན་ཚེ་དབུལ་སྒྲོལ་ཐུབ་ངེས་རེད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།