[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལེགས་བཤད་མཚོ་མོས།

    ངའི་གདམ་ག་ནི་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-25

    ཀུའེ་ལིན་རི་ཆུ་སློབ་གླིང་ནས་ཐོན་པའི་ལེགས་བཤད་མཚོ་མོ་ནི་གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད་ལ། ལན་ཆིའུ་སྤོ་ལོ་རྒྱག་རྒྱུར་ཡང་དགའ་བའི་ལོ་རབས་90ནང་སྐྱེས་ཀྱི་བུ་མོ་ཞིག་རེད། སློབ་ཆེན་ཐོན་རྗེས་ལེགས་བཤད་མཚོ་མོས་སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཐིང་གི་མངགས་ཐོ་རྣམ་པའི་ལས་ཞུགས་སྔོན་གྱི་གསོ་སྦྱོང་བརྒྱུད་ད་ལྟའི་ལས་ཀ་བྱེད་སའི་ཀུང་སིར་ཞུགས། “དང་ཐོག་ང་གཞུང་ལས་པར་རྒྱུགས་སྤྲོད་འདོད་ཡོད། ནང་མིས་ཀྱང་ང་གཞུང་ལས་པར་རྒྱུགས་འཕྲོད་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། མཐར་ངས་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས་བྱ་རྒྱུའི་གདམ་ག་བྱས་པ་ཡིན། དེ་ཡང་སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱི་ལས་སྟེགས་ལ་བརྟེན་ནས་རང་ཉིད་བདེ་བླག་ངང་ལས་ཞུགས་ཐུབ་བྱུང”ཞེས་ལེགས་བཤད་མཚོ་མོས་གསར་འགོད་པར་བརྗོད།

    འདི་ལོ་ཚུན་དུ། ཁེ་ལས་ལ་ལས་བཟོ་བསྡུ་དཀའ་བའི་གནས་ཚུལ་ལ་དམིགས་ཏེ་སྟོད་ལུང་ཆུས་མི་སྤྱི་ཅུས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་མངགས་ཐོ་རྣམ་པའི་གསོ་སྦྱོང་དང་། གསོ་སྦྱོང་ཐད་གསོ་སྦྱོང་དང་ལས་ཞུགས་གསོ་སྦྱོང་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་ནོར་དོན་དོ་དམ་དང་། རྩིས་པ། དངུལ་རྩ་སོགས་ཆེད་ལས་ཐོན་པའི་སློབ་མའི་ནོར་དོན་རྩིས་པ་དང་དེ་བཞིན་སྲིད་འཛིན་ནུས་པའི་ལས་ཞུགས་གསོ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ཤེས་ལྡན་མི་སྣའི་འཇོན་ཐང་ལ་དཔྱད་བསྡུར་ཡང་བྱས་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་རྣམས་གཏན་འཁེལ་གྱི་སྡེ་ཚན་ལ་ལས་ཀ་བཀོད་སྒྲིག་བྱས་ཤིང་། ལེགས་བཤད་མཚོ་མོ་ཡང་གསོ་སྦྱོང་བྱས་པ་བརྒྱུད་ད་ལྟའི་ལས་ཀ་བྱེད་སའི་ཁེ་ལས་སུ་ལས་ཞུགས་ཐུབ་པ་རེད།

    ལེགས་བཤད་མཚོ་མོའི་ལས་ཀ་བྱེད་སའི་ཀུང་སི་ནི་བོད་ལྗོངས་འགྲིམ་འགྲུལ་གྲངས་གཞིའི་ལྟེ་གནས་རྨང་གཞིར་བྱས་ཏེ་བཏོད་པའི“གཅིག་འཐུས་རྣམ་པའི”འགྲོ་སྐྱོད་ཞབས་ཞུའི་ལས་སྟེགས་ཀྱི“འབྲི་གཡག་འགྲོ་སྐྱོད་APP”ཀུང་སི་ཞིག་ཡིན་ལ། དེའི་ནང་མྱུར་བགྲོད་རླངས་འཁོར་དང་། སྐྱེལ་བསུ། རླངས་འཁོར་བོགས་གཏོང། མཛེས་ལྗོངས་ཁུལ་གྱི་ཐད་སྐྱོད་རླངས་འཁོར། མེ་འཁོར་སྤ་སེ། གནམ་གྲུའི་སྤ་སེ། སྤྱི་སྤྱོད་རླངས་འཁོར། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་སོགས་ཀྱི་ལས་སྒོ་ཚུད་ཡོད་པ་རེད། ཀུང་སིའི་ནང་ཁོང་གི་ལས་ཀ་གཙོ་བོ་ནི་ལྷ་སའི་ལྟེ་གནས་ཀྱི་ཚོང་ཁང་ཚང་མར་ཀུང་སིའི་སྤུས་རྟགས་ཁྱབ་གདལ་གཏོང་རྒྱུ་དེ་རེད།

    ལེགས་བཤད་མཚོ་མོ་ལས་ཞུགས་ཐུབ་ནས་ཟླ་གཅིག་ལྷག་ཙམ་སོང་རིང་ཟླ་རེར་གླ་ཕོགས་སྒོར་3000དང་ཐོབ་ཆ་གཞན་ཡོད་པ་མ་ཟད། འབྱུང་འགྱུར་གྱི་ལས་ཀར་ལེགས་བཤད་མཚོ་མོར་རེ་བས་ཁེངས་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།