[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • “ཚྭ་མཚོའི་ཉམས་མྱོང”ལས་སྒྱུར་བཅོས་ཀྱི་སྟོབས་ཤུགས་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24
    གསར་འགོད་པའི་ཟིན་བྲིས།

    ད་ཕན་ལོ་ཤས་རིང་མ་མིག་ཤང་ཚྭ་མཚོ་གྲོང་ཚོས“སྒྱུར་བཅོས་ལ་བྱེད་བཞིན་པ་ལས་ཚར་དུས་མེད”པའི་ལག་ལེན་ཐོག་ནས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་འབྲོག་ཁུལ་སྒྱུར་བཅོས་སྔོན་ལ་བྱེད་མཁན་གྲོང་ཚོའི་གྲས་སུ་གྱུར་ཡོད། གང་ཅིའི་ཐད་ཆ་རྐྱེན་དེ་ཙམ་འཛོམས་པོ་མེད་པའི་ཚྭ་མཚོ་གྲོང་ཚོས་སྒྱུར་བཅོས་ཀྱི་ངོ་མཚར་དེ་འདྲ་ཞིག་གཏོད་ཐུབ་དོན་ཅི་ཡིན་ནམ། སུ་ཞིག་གིས་འབྲོག་ལས་ཁོ་ནར་བརྟེན་མཁན་གྲོང་ཚོ་དེར་མཆོང་སྐྱོད་མྱུར་བའི་སྒུལ་ཤུགས་སྦྱིན་པ་ཡིན་ནམ། ཡུལ་དེར་དངོས་སྡོད་བརྟག་ཞིབ་བྱེད་པའམ་ཡང་ན་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་དང་བསམ་འཆར་སྤེལ་རེས་གང་ཞིག་བྱས་རུང་ཚང་མར་གཅིག་མཐུན་བྱུང་བའི་ཆོད་སྡོམ་ནི། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པར་འབྲོག་ཁུལ་གྱི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་ལྡོག་མེད་ཀྱི་ལམ་བུ་རེད།

    གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་ནུས་ལྡན་འོག ཚྭ་མཚོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་འབྲོག་ལས་ཀྱི་ཚད་དང་རན་པའི་གཞི་ཁྱོན་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བྱེད་པ། འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་མངོན་འགྱུར་ཡོང་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་ཀྱི་ཐོག་ནས་འབྲོག་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་བ་དང་འབྲོག་ལས་གཉེར་སྐྱོང་དང་། ཐོན་སྐྱེད། ཐོན་ཁུངས་བེད་སྤྱོད། དོ་དམ་བྱེད་སྟངས་བཅས་ལ་འགྱུར་ལྡོག་ནུས་ལྡན་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ཀྱི་བཀྲག་མདངས་འཚེར་ས་ཞིག་ནི་མཉམ་སྡེབ་དཔལ་འབྱོར་གྱི་མཉམ་ལས་ཁང་བཙུགས་པ་དང་འཕེལ་རྒྱས་སྟོབས་ཆེར་བཏང་བ་དེ་རེད། འབྲོག་ཁུལ་སྒྱུར་བཅོས་ཀྱི་སྤྱིའི་སྒྲོམ་གཞིའི་འོག“ཏང་སྲིད་ཀྱིས་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱིས་གཙོ་རྐང་བྱེད་པ། ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པ། ཁྲོམ་ར་འཁོར་རྒྱུག་བྱེད་པ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་རྣམ་པ་ཞིག་རགས་ཙམ་ཆགས་ཤིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་150ཡི་མི་689ཐག་ཉེ་ས་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ངལ་ནུས་ཕྱིར་གཏོང་ནང་ལས་ཞུགས་ཐུབ་པ་དང་ཕྱིར་སྐྱོད་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་ནས“དབུལ་སྒྲོལ་ཕྱུག་འགྱུར་རང་ས་རང་ཡུལ་ནས་བྱེད་པའི”ལམ་བུ་གསར་པ་ཞིག་བཏོད་ཡོད།

    ད་ཆ་སྒྱུར་བཅོས་འགག་སྒྲོལ་དུས་མཚམས་དང་གཏིང་ཟབ་ཀྱི་ཕྱོགས་སུ་སླེབས་ཤིང་། དེའི་རྙོག་འཛིང་ཆེ་ཆུང་དང་། ཚོར་སྣང་སྐྱེན་ཚད། དཀའ་ཚེགས་ཆེ་ཚད་བཅས་ལོ་ངོ་40ལྷག་ཙམ་གོང་དང་སྤྱིར་ན་འདྲ་པོ་ཡོད། “རླབས་ཆེན་གྱི་བྱ་གཞག་ནང་ཞུགས་མཁན་དོན་གཉེར་ཅན་གྱིས་བྱ་གཞག་མ་བསྒྲུབ་བར་དུ་འབད་འཐབ་བྱེད་མཚམས་མི་འཇོག”“ཚྭ་མཚོའི་ཉམས་མྱོང”འབྲོག་ཁུལ་གྱི་གྲོང་ཚོ་ཚང་མར་བེད་སྤྱོད་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང་ཁོང་ཚོའི་སྒྱུར་བཅོས་ཀྱི་བློ་སྟོབས་དང་། བསམ་པའི་ཉམས་འགྱུར། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ནི་ས་གནས་ཁག་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།