[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཕྱུག་འགྱུར་ལམ་བུར་དཀར་ཆུའི་དྲི་ཞིམ་འཐུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-25

    663572_yis_1569132521560.jpg

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དཀར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་ཡག་པོ་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་བསྒྱུར་བ་བྱས་ནས། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། མིག་སྔའི་བར་ས་གནས་དེ་གའི་མང་ཚོགས་59(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་40དང་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་12ཚུད)རྟེན་གཞིར་ལས་ཞུགས་བྱས་པ་རེད། 2018ལོར་དཔེ་སྟོན་རྟེན་གཞི་དེའི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་819.05ཟིན་པ་དང་། མང་ཚོགས་59ལ་ངལ་རྩོལ་གླ་ཆ་སྒོར་ཁྲི་224.4སྤྲད་ཅིང་།

    འདི་ནི་དཔེ་སྟོན་རྟེན་གཞིའི་ལས་མིས་དཀར་ཆུའི་ཐོན་རྫས་ལས་སྣོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།