[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་འབབ་འཕར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    ལྷ་སའི་ཤར་འདབས་སུ་གནས་པའི་དཔལ་སྡིངས་གྲོང་ཚོའི་ཞལ་ནི་གླིང་ཁ་གཏོང་ས་ཡག་པོ་ཞིག་རེད། དེ་གར་རྩྭ་རྩི་ཤིང་སྔོ་བ་དང་། མཁའ་རླུང་གཙང་བ། ཆུ་མོ་ལྷུང་ལྷུང་དུ་རྒྱུག་པ་སོགས་གྲོང་གསེབ་ཀྱི་སྣོད་བཅུད་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང“་གླིང་ཁའི་དཔལ་འབྱོར”འཕེལ་རྒྱས་འོས་འཚམ་བཏང་བ་བརྒྱུད། ས་གནས་དེ་གའི་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་ཐུབ་པ་དང་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    661164_yis_1568528737188.jpg

    འདི་ནི་ཚོགས་ཆུང་6པའི་ཙུའུ་ཀྲང་བསོད་ནམས་སྟོབས་རྒྱལ(གཡོན་གྱི་དང་པོ)གྱིས་གླིང་ཁའི་གུར་འགན་གཙང་དུད་ཚང་གི་ཡོང་འབབ་ཇི་ཙམ་ཡོད་པའི་སྐོར་ཤེས་རྟོགས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།