[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བསམ་གླིང་གྲོང་ཚོར་བཅའ་སྡོད་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལས་དོན་རུ་ཁག་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉེ་ཆར། རྣམ་གླིང་རྫོང་སོག་ཆེན་ཤང་བསམ་གླིང་གྲོང་ཚོར་བཅའ་སྡོད་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་སྐུལ་སློང་བྱས་ནས“‘སྣང་ཆེན་བཞི་དང་དགའ་ཞེན་བཞི’སློབ་སྦྱོང་བྱས་ཏེ་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། གོམས་སྲོལ་ངན་པ་སྒྱུར་བ། མཛེས་སྡུག་ལྡན་པའི་གྲོང་ཚོ་སྐྲུན་པ”བཅས་ཀྱི་བྱེད་སྒོ་སྤེལ་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་མགྱོགས་སུ་བཏང་ཡོད་པ་རེད།

    དྲིལ་བསྒྲགས་དང་སྣེ་ཁྲིད་ལ་མཐོང་ཆེན་བྱས་པ། གྲོང་སྡོད་ལས་བྱེད་པས་སྐོར་ཞིབ་དང་། དུད་ཚང་དུ་བརྟག་དཔྱད་དང་དེ་བཞིན་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་སོགས་ཀྱི་གོ་སྐབས་སྤྱད་དེ་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་བ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་སྒྲོམ་སྟེགས་བཟོ་བ། གླུ་གཞས་དང་སྙན་ཚིག་གསར་རྩོམ་བྱེད་པ། ཕུལ་བྱུང་གི་གྲོང་གསེབ་ཀྱི་དཔེ་མཚོན་མི་སྣའི་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཤོད་པ། མང་ཚོགས་ཚོས་གོམས་སྲོལ་ངན་པ་འདོར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་སོགས་བྱས་ནས་སེམས་ནུས་གཙོ་བོ་ཐོན་སྐྱེད་གོང་འཕེལ་དང་དམངས་འཚོ་ལེགས་གཏོང་ཐད་བཞག་ཡོད་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་དང་དོན་འཁྱོལ་ལ་དམ་འཛིན་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་དང་ཆབས་ཅིག གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དོན་འཁྱོལ་གནས་ཚུལ་ལ་གཞོགས་འདེགས་བྱེད་རྒྱུར་མཐོང་ཆེན་བྱས་ཡོད། 《བསམ་གླིང་གྲོང་ཚོས“‘སྣང་ཆེན་བཞི་དང་དགའ་ཞེན་བཞི’སློབ་སྦྱོང་བྱས་ཏེ་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། གོམས་སྲོལ་ངན་པ་སྒྱུར་བ། མཛེས་པའི་གྲོང་ཚོ་སྐྲུན་པ”བཅས་ཀྱི་བྱེད་སྒོའི་ཇུས་གཞི》དང《དུད་ཚང་དུ་བསྐྱོད་ནས་གཙང་སྦྲའི་ཞིབ་བཤེར་དང་སྐར་མ་རྒྱག་པའི་བསམ་གླིང་གྲོང་ཚོའི་རེའུ་མིག》བཟོས་ཏེ་དུས་བཀག་དང་དུས་ངེས་མེད་ཀྱི་སྒོ་ནས་དུད་ཚང་དུ་བསྐྱོད་ནས་ཁྱིམ་ཚང་གི་གད་སྙིགས་དང་ཕྱུགས་ལུད་གཙང་སེལ་གྱི་གནས་ཚུལ་ཞིབ་བཤེར་བྱས་པ་དང་འབྲེལ། མང་ཚོགས་ལ་དུས་བཀག་བཞིན་གྲོང་ཚོའི་གད་སྙིགས་གཙང་སེལ་དང་དབོར་འདྲེན་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།