[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

    —— ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བསྟན་འཛིན་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    ད་ལོར་ལོ་51ལོན་པའི་བསྟན་འཛིན་ནི་ཆུ་ཤུར་རྫོང་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན།

    2008ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལ་བདམས་རྗེས། ཁོང་གིས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ནས་གྲོང་ཚོའི་རང་བརྟེན་ནུས་པ་འཕེལ་བར་བྱས་ཡོད། 2008ལོ་ནས་ད་བར་གསར་སྦོལ་བྱས་པའི་ས་ཆ(རྨོ་ཞིང་མིན་པ)མུའུ་4500བོགས་མར་བཏང་ནས་ལོ་ལྟར་ཁེ་སྤོགས་རྐྱང་པ་སྒོར་ཁྲི་130རག་གི་ཡོད་པ་དང་། ཁེ་བཟང་ནས་10%གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་གཏོང་བ་དང་། ལྷག་མའི་90%མང་ཚོགས་ལ་བགོས་ཏེ་མང་ཚོགས་ལ་ལོ་ལྟར་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་5000རག་གི་ཡོད།

    ཁོང་གི་སྣེ་ཁྲིད་འོག་བྱེ་ནུབ་གྲོང་ཚོའི་བྱ་གཞག་ཁག་གོང་འཕེལ་མྱུར་པོ་བྱུང་ནས་གྲོང་ཚོ་ཨུ་ལྷན་གསར་དུ་བརྒྱབ་པ་དང་། ཚོགས་ཆུང་དབར་ལམ་བཟོས་ཁར་བྱེ་ནུབ་ཀྱི་ཚོགས་ཆུང་8ལ་ཆུ་ཀ་ལ་འཐེན་ཞིང་། གྲོང་ཚོ་དེ་ཡོངས་ཀྱིས་2017ལོར་གྲོང་ཚོ་དབུལ་པོའི་དབུལ་ཞྭ་འབུད་པའི་ལས་དོན་ལེགས་འགྲུབ་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལྷག་དངུལ་དེ་སྔོན་གྱི་སྒོར་ཁྲི་1ལྷག་ནས་ད་ཆ་སྒོར་ཁྲི་150ལྷག་གི་བར་མང་དུ་ཕྱིན་ཞིང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2008ལོའི་སྒོར་4000ནས་2018ལོའི་སྒོར་ཁྲི་1.44བར་མང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།