[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ངམ་རིང་རྫོང་གིས་གྲོང་ཚོ་རེར་མཉམ་ལས་ཁང་རེ་བཙུགས་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    མང་ཚོགས་དབུལ་པོར་རྒྱུན་མཐུད་ངང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱ་ཆེད་འདི་ལོ་ངམ་རིང་རྫོང་གིས་འདེབས་འཛུགས་དང་། གསོ་སྤེལ། ལས་སྣོན་སོགས་དབུལ་སྐྱོར་ཐོན་ལས་ལ་བརྟེན་པ་དང་ཞིང་འབྲོག་པའི་ས་ཞིང(རྩྭ་ར)བརྒྱུད་བཤུག་དང་མ་དངུལ་མ་རྐང་ནང་ཞུགས་སྟངས་བརྒྱུད། ཆེད་ལས་མཉམ་ལས་ཁང་བཙུགས་པར་གྲོང་ཚོ་185དང་མི་གྲངས་ཁྲི་1.9ལྷག་ཙམ་ལ་ཁྱབ་ནས་ཡུལ་དེའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་པ་རེད།

    ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་ལས་མཉམ་ལས་ཁང་ཡོངས་ཁྱབ་ཐུབ་རྒྱུར་སྐུལ་འདེད་བཏང་ཞིང་། ངམ་རིང་རྫོང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཚོ་ཁག་གི་དོན་དངོས་ལ་གཞི་ཚུགས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་དེ་བཙུགས་པ་དང་འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་དུད་ཚང་རེས་གཉེར་མི་ཐུབ་པ་དང་། ཡག་པོ་གཉེར་མི་ཐུབ་པ། གཉེར་ཡང་ཡོང་འབབ་དེ་ཙམ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད། མིག་སྔའི་བར་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་185ཡིས་ཧྲེ་ཡོན་གྱིས་དངུལ་སྨར་གྲབས་གསོག་དང་ས་ཞིང་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.7གྲབས་གསོག་བྱས་ཏེ་མཉམ་ལས་ཁང་188བཙུགས་པ་དང་འབྲེལ་ཚང་མ་ཐོ་འགོད་ལེགས་གྲུབ་ཟིན་ནས་ཞིང་འབྲོག་པ་ཆ་སྙོམས་མ་རྐང་ནང་ཞུགས་ཚད་90%ཡན་ཟིན་པ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འཇུར་མིག་རང་འགུལ་ངང་བསལ་ཅིང་། ངམ་རིང་རྫོང་གིས་མཉམ་ལས་ཁང་ཚང་མར་དེ་མཚུངས་ཀྱི་ཏང་རྩ་འཛུགས་བཙུགས་པ་དང་རྫོང་དེའི་མཉམ་ལས་ཁང་ཚང་མར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྐུལ་ཁྲིད་བྱེད་པའམ་ཡང་ན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲིམས་མིར་བྱས་པའི་མཉམ་ལས་ཁང་161ཡོད་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱས་པའི་མཉམ་ལས་ཁང་19 དུད་ཚང་དབུལ་པོས་གཉེར་སྐྱོང་བྱས་པའི་མཉམ་ལས་ཁང་7 ཁེ་ལས་ཀྱིས་སྐུལ་ཁྲིད་བྱས་པའི་མཉམ་ལས་ཁང་1བཅས་ཡོད་པ་རེད། མཉམ་ལས་ཁང་གི་སྤྱི་ཡོངས་གཉེར་སྐྱོང་གནས་ཚུལ་བཟང་བ་དང་ཕལ་ཆེ་བས་ལོ་མཇུག་ཏུ་ཁེ་སྤོགས་བགོ་བའི་ལམ་སྲོལ་སྤྱད་དེ་ཁེ་སྤོགས་ཀྱི་10%གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནང་འཇོག་པ་དང་20%མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ་བྱེད་པ་ཕུད་དེ་བྱིངས་ཀྱི་ཁེ་སྤོགས་ཚང་མ་མ་རྩའི་སྡུར་ཚད་གཞིར་བཟུང་བགོ་བཤའ་རྒྱག་གི་ཡོད་པ་རེད།

    གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅིང་། ངམ་རིམ་རྫོང་ཟངས་ཟངས་གྲོང་རྡལ་ཝ་ལྷས་གྲོང་ཚོར་དཔེ་མཚོན་ན། གྲོང་ཚོ་དེའི་དུད་ཚང་65ཡི་མི་250ཡོད་པར་ངལ་རྩོལ་ནུས་ཤུགས་135དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་17གྱི་མི་52ཡོད་པ་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། 2018ལོའི་ལོ་མཇུག་ཏུ་གྲོང་ཚོ་དེའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.35ཟིན་པ་དེ་2016ལོའི་དུས་མཚུངས་ལས་42.25%འཕར་ནས་ལོ་དེར་གྲོང་ཚོ་ཡོངས་དུས་ཐོག་ཏུ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་རེད། 2019ལོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་65ལ“རྩྭ་ར་+ཕྱུགས་ཟོག་+ངལ་རྩོལ་ནུས་ཤུགས”བཅས་ཀྱི་རྐང་ཞུགས་དཔེ་རྣམ་ལག་བསྟར་བྱས་ནས་གསོ་སྤེལ་མཉམ་ལས་ཁང་བཙུགས་པ་དང་། ཁྱིམ་ཚང་ཚན་པར་བྱས་པའི་ཕྱུགས་འཚོ་བར་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་ཐོན་པ་དང་ངལ་རྩོལ་ནུས་ཤུགས་ལྷག་མར་རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་བརྒྱུད་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་ཕྱིན་ནས་ངལ་ནུས་ཕྱིར་གཏོང་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ལྡོག་བྱུང་ནས་ཞིང་འབྲོག་མང་ཚོགས་ལ་རང་སྟོབས་རང་འཕེལ་དང་དཀའ་སྤྱད་ཕྱུག་འགྱུར་གྱི་ཁོར་ཡུག་བཟང་པོ་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།