[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གཞོན་སྐྱེས་ལས་གཏོད་པ་ཕུར་བུ་སྒྲོལ་མའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-10

    ད་ཆ་སྐད་འཕྲིན་ཚོང་པ་ནི་རྒྱུན་འབྱམས་སུ་གྱུར་ཅིང་། ཕུར་བུ་སྒྲོལ་མ་ཡང་སྐད་འཕྲིན་གྱི་གྲོགས་ཚོགས་སུ་ཅུང་སྐད་གྲགས་ཆོད་པའི“90ནང་སྐྱེས”ཀྱི་སྒོ་ངའི་བག་ལེབ་འཚོང་མཁན་ཞིག་རེད།

    ཕུར་བུ་སྒྲོལ་མ་ད་ལོར་ལོ་27ཡིན་པ་དང་ལྷ་ས་ནས་རེད། ནམ་རྒྱུན་ཁོ་མོ་ཁེ་ལས་ཤིག་ཏུ་ལས་ཀར་འགྲོ་གི་ཡོད་ལ། སྐད་འཕྲིན་གྱི་གྲོགས་ཚོགས་སུ་སྒོ་ངའི་བག་ལེབ་བཙོངས་ནས་དུས་ཚོད་རིང་པོ་ཕྱིན་མེད་ནའང་། ཆེད་ལས་ཀྱི་ཤེས་བྱ་ཡོངས་སུ་མངའ་བ་ཞིག་རེད། ཁོ་མོས་སྐད་འཕྲིན་གྲོགས་ཚོགས་སུ་བརྡ་ཆ་བཏང་རྗེས་ཟླ་བ་ཁ་ཤས་ནང་ཐེངས་300ལྷག་ཙམ་འཚོང་ཐུབ་པ་བསམ་ཡུལ་ལས་འདས་སོང་ཞེས་བཤད།

    ཕུར་བུ་སྒྲོལ་མས་ང་རང་ལས་ཀར་སྐྱོད་དགོས་སྟབས་ཉིན་གུང་དང་དགོང་མོར་ལས་ཀ་གྲོལ་རྗེས་སྒོ་ངའི་བག་ལེབ་བཟོ་གི་ཡོད་པས་ཉིན་ལྟར་ལྔ་དྲུག་ལས་བཟོ་ཐུབ་ཀྱི་མི་འདུག སྐབས་རེར་སྒོ་ངའི་བག་ལེབ་བཟོས་ནས་ཐོ་རེངས་ཆུ་ཚོད་གཉིས་པ་གསུམ་པའི་བར་སླེབས་ཤིང་། མཚན་ཀུན་ལ་སྒོ་ངའི་བག་ལེབ་བཟོ་བ་དང་ཉིན་གཉིས་པའི་ཞོགས་པར་སྔ་པོ་ནས་ལངས་ཏེ་བསྐྱལ་རྗེས་ད་གཟོད་ལས་ཀར་སྐྱོད་དགོས་པས། དཀའ་ལས་ཧ་ཅང་ཁག་པོ་འདུག དེ་བས་ངས་གཟའ་མཇུག་ཏུ་མང་ཙམ་བཟོ་གི་ཡོད། ད་ཆ་ངའི་བག་ལེབ་བྲིན་ཁ་རྒྱུག་པ་དང་ཟླ་རེར་ཁེ་བཟང་སྒོར་ཉིས་སྟོང་སུམ་སྟོང་ཙམ་ཡོང་གི་འདུག་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།