[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱད་ལྡན་ཐོན་ལས་ལེགས་པར་གཉེར། དབུལ་སྒྲོལ་རེ་བ་རིམ་བཞིན་གྲུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-05

    ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སིར་བརྟེན་པའི་ཁར།“ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་འབྲོག་དུད”བཅས་ཀྱི་ལས་གཉེར་བྱེད་སྟངས་དང་མངགས་ཉོ་རྣམ་པའི་ཐོག་ནས་ཐོན་སྐྱེད་བྱེད་པ་དང་། ལོ་རེར་ཆ་སྙོམས་ཚགས་ཤ་ལས་སྣོན་དང་བྲིན་ཚོང་བྱེད་ཚད་སྤྱི་རྒྱ་ཁྲི་450ཟིན་པ། བརྒྱུད་རིམ་དེའི་ཁྲོད། ས་གནས་དེ་གའི་མི་སེར་གྱི་བསམ་བློར་འགྱུར་ལྡོག་ཕྱིན་ནས་མཉམ་ལས་ཁང་ཧུར་ཐག་བཙུགས་ནས་གསོ་སྤེལ་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    603357_yis_1552797395998_s.jpg

    འདི་ནི་བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སིའི་ལས་མིས་ཚགས་ཤ་ལས་སྣོན་ཞིབ་ཚགས་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་ཆབ་མདོའི“ངག་དབང”ལུག་དེ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་གཙོ་ཁྲིད་ཐོན་ལས་ཤིག་ཏུ་བརྩིས་ཏེ་དམ་འཛིན་བྱས་ཤིང་། སྤུས་རྟགས་གཏོད་པ་དང་། ཐོན་ལས་གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་པས་ཆབ་མདོའི“ངག་དབང”ལུག་ལས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་ལ། གོ་འཇོ་རྫོང་གི་མང་ཚོགས་སྒོ་རྩར་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད།

    603355_yis_1552797394235_s.jpg

    འདི་ནི་ལུག་རྫིས་ཆབ་མདོ་གོ་འཇོ་རྫོང་ངག་དབང་ཤང་བཅིངས་འགྲོལ་གྲོང་ཚོའི་རྩྭ་རར་“ངག་དབང”ལུག་འཚོ་བཞིན་པ།

    ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་གནས་བབ་གཏན་འཁེལ་ཡང་དག་དང་། ཡུལ་བབ་དང་བསྟུན་པ། ཐོན་ལས་ཀྱི་ལེགས་ཆ་སྔོག་འདོན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་རོང་གྲོང་ཚོའི་ཁམས་ལེགས་མཆོག་ཞིང་འབྲོག་པའི་ལས་སྣོན་མཉམ་ལས་ཁང་གིས་ཁྱད་ལྡན་ཐོན་ལས་ཀྱི་ལམ་བུ་བཏོད་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོ་ཕྱུག་པོར་གྱུར་རོགས་བྱེད་ཀྱི་ཡོད།

    603356_yis_1552797395155_s.jpg

    འདི་ནི་མཉམ་ལས་ཁང་དེའི་ལས་དོན་པས་སྤོས་བཟོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།