[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཐོན་རྫས་སྣ་ཁ་མང་། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-18

    586791_yis_1547636045098_b.jpg

    ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་ཁང་ལེ་ཆའོ་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་2017ལོའི་ཟླ་5པར་བཙུགས་པ་དང་དེ་ཉིད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་ཤིང་། དེའི་གཉེར་སྐྱོང་ཁྱབ་ཁོངས་སུ་མཱ་ཁ་དང་། ནས་དམར་པོ། བོད་བཟོའི་ཁྱིམ་ཆས། རྟ་སྒ བོད་ཆས་སོགས་ཐོན་རྫས་སྣ་ཁ་24ཡོད་པར་ཐོ་འགོད་མ་རྩ་སྒོར་ཁྲི་300ཟིན་པ་དང་ཆ་སྙོམས་ལོ་རེར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་100ལྷག་ཙམ་ཟིན་གྱི་ཡོད། མཉམ་ལས་ཁང་དེ་བཙུགས་ནས་ལོ་གཅིག་སོང་ཚུན། ཐོན་རྫས་གཙོ་བོ་སི་ཁྲོན་དང་། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་དང་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་ཁག་ལ་བྲིན་ཚོང་བྱེད་ཀྱི་ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་29ལས་ཞུགས་ནང་བསྡུས་པས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། འདི་ནི་ཉེ་ཆར་མཉམ་ལས་ཁང་དེའི་ལས་བཟོ་ཚོས་སྲོལ་རྒྱུན་གྱི་བོད་སྒམ་བཟོ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།