[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་ལྷོ་ཁས་ཝུའུ་ཧན་དུ་ཁེ་ལས་12དང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཝུའུ་ཧན་དུ་གཉེར་བའི་བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་ཧུའུ་པེའི་ཆེད་དོན་ཚོགས་རའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག སྣོད་བཅུད་འབྲོག་ལས་དང་། མ་འཇོག་དོ་དམ། ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་ཁེ་ལས་12ཀྱིས་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་དང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

    ད་རེས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་། ལྗང་མདོག་ཐོན་ལས། ཡུལ་སྐོར་རིག་གནས་ཐོན་ལས། རིག་ལྡན་ཐོན་ལས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན། ནུས་རྒྱུ་གཙང་མའི་ཐོན་ལས་བཅས་ཕྱོགས་དྲུག་ལ་དམིགས་ནས་རྣམ་གྲངས་ཁྱོན་38བཏོན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་280.8བཏང་བ་རེད། ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་། གཙོ་གནད་ཚོང་འགུགས་རྣམ་གྲངས། གནད་སྨིན་དབུལ་སྐྱོར་རྣམ་གྲངས་སོགས་ཀྱི་གནས་ཚུལ་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།

    ད་རེས་བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ལས་ཧུའུ་པེ་དང་བོད་ལྗོངས་དབར་གྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་དབར་གྲོས་མོལ་བྱས་པ་བརྒྱུད། ཧུའུ་པེའི་ཐོན་ལས་ཀྱི་ལེགས་ཆ་དང་ལྷོ་ཁ་གྲོང་ཁྱེར་གྱི་དགོས་མཁོ་དངོས་ལ་གཞི་ཚུགས་ཏེ་ཧུའུ་པེའི་ཁེ་ལས་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཏེ་མ་འཇོག་ལས་དར་ལ་གཞོལ་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།