[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གླིང་པ་གྲོང་ཚོའི་ཕྱུག་འགྱུར་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-21

    513670_yis_1526791264402.jpg

    2017ལོའི་ལོ་འགོར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་པ་གྲོང་ཚོས་ཉིང་ཁྲི་ཧྲེང་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ས་ཞིང་མུའུ་སྟོང་བརྒྱུད་བཤུག་བྱས་པ་དང་ཀུང་སི་དེས་སྤྱི་གནོད་མེད་པའི་ལྗང་མདོག་སྣོད་བཅུད་ཤིང་འབྲས་འདེབས་འཛུགས་རྟེན་གཞི་བཙུགས་པ་རེད། རྟེན་གཞི་དེར་ཀུ་ཤུ་དང་། ཁམ་བུ། སེའུ་དམར་ཆུང་ལ་སོགས་ཤིང་འབྲས་རིགས་གསར་ནང་འདྲེན་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ལག་རྩལ་ལ་མཛུབ་ཁྲིད་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོ་རུ་དང་ཡོང་འབབ་མང་དུ་བཏང་ཞིང་། ལོ་གཅིག་ལྷག་ཙམ་རིང་། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་32ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད་པ་རེད། འདི་ནི་གླིང་པ་གྲོང་ཚོའི་སྤྱི་གནོད་མེད་པའི་ལྗང་མདོག་སྣོད་བཅུད་ཤིང་འབྲས་འདེབས་འཛུགས་རྟེན་གཞིར་སི་ཁྲོན་ཞིང་ཆེན་ཞིང་ཚན་ཁང་གི་དགེ་རྒན་ཆེ་མོ་བ་ཞེ་ཧུང་ཅང(གཡས)གིས་ཤིང་འབྲས་འདེབས་མཁན་ཞིང་པར་འགྱིག་ཤོག་འདིང་སྟངས་སློབ་བཞིན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།