[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • མཉམ་ལས་ཁང་གིས་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-28

    W020171126395162692261.jpg

    སྐལ་བཟང་དབྱངས་སྐྱིད་ཀྱིས་མཉམ་ལས་ཁང་དུ་བཏགས་པའི་ཁ་གདན་ངོམས་བཞིན་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་སྐལ་བཟང་དབྱངས་སྐྱིད་ཀྱིས།  སྤྱི་ལོ ༢༠༡༥ ལོར་གྲོང་ཚོའི་བུད་མེད ༧ སྒྲིག་འཛུགས་བྱས་ཏེ་བཀྲ་ཤིས་སྒང་གྲོང་ཚོའི་བུད་མེད་བསླས་འཐག་མཉམ་ལས་ཁང་བཙུགས་ཡོད་པ་དང་།  གྲོང་ཁྱེར་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དངུལ་བུན་སྒོར་ཁྲི ༢ གཡར་ནས་མཉམ་ལས་ཁང་གི་འཁོར་ཁང་འཛུགས་སྐྲུན་བྱས་ཡོད།  ཁོང་ཚོས་བཏགས་པའི་ཀམ་པ་ལི་དང་།  ལྟོ་ཕད།  ཁ་གདན།  སྐེད་རགས་སོགས་ལྷ་ས་གྲོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་ཞིང་འབྲོག་ཁུལ་དུ་བྲིན་ཚོང་བྱས་ཤིང་དུད་ཚང་དབུལ་པོ་གསུམ་སྣེ་ཁྲིད་བྱས་ཡོད།  ད་ཆ་མཉམ་ལས་ཁང་དུ་ལས་མི ༡༡ ཡོད་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར ༡༥༠༠ ཟིན་གྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།