[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • འབྲི་རུ་རྫོང་གིས་གྲོང་ཚོ་རིམ་པའི་ལས་བྱེད་པའི་དཔུང་ཁག་ལེཌ་འདེམས་ཧྲག་སྒྲུག་གིས་གྲོང་གསེབ་དར་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-03

    འདི་ལོ་ཚུན། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་གྲོང་ཚོ་རིམ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཏང་གི་ཆབ་སྲིད་དང་། རྩ་འཛུགས། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་བཅས་ཀྱི་ལེགས་ཆ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

    འབྲི་རུ་རྫོང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཨུད(ཏང་ཙུའི)ཀྱི་ཚོགས་འདུ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་བརྒྱུད་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཆ་ཚང་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད།

    ཕུལ་བྱུང་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་འདེམས་གཏོང་གིས་རང་འགན་ཐེག་པ་འཁུར་ལེན་བྱས་ཤིང་། འབྲི་རུ་རྫོང་གིས་འདི་ལོ་རིམ་རྩིས་བྱས་ན་རྫོང་དང་ཤང་གི་ལས་བྱེད་པ་615གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོར་མངགས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། རྫོང་ཐད་གཏོགས་སྡེ་ཚན་ནས་ལས་བྱེད་པ་23ཤང་དང་གྲོང་རྡལ་དུ་ལས་འགན་འཁུར་བར་མངགས་ནས་གཞི་རིམ་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་རོགས་བྱས་ཏེ་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཀྱི་ངོས་བཅད་ཚད་གཞི་ཁག་16དང་བསྡུར་ནས་འབྲི་རུ་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པའི་ལས་དོན་ཤུགས་ཆེན་སྤེལ་བ་མ་ཟད། གྲལ་བཤེར་ཐུབ་པའི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་5ཡི་ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས“གྲོང་ཚོ་རེར་ཇུས་གཞི་རེ”བཟོས་ཏེ་རེ་རེ་བཞིན་བཅོས་སྒྲིག་བྱེད་ཐབས་བཟོས་ཡོད། རྫོང་ཨུད་ཏང་འཛུགས་སྐྱོང་གཞུང་ལས་ཁང་གིས་མང་ཚོགས་ཀྱིས་གནས་ཚུལ་ཤེས་རྟོགས་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་དཔྱད་ལེན་གཏན་འབེབས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དུས་བཀག་ལྟར་ཕན་འབྲས་རྗེས་སྙེག་འདྲི་རྩད་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལེགས་སྒྲིག་བྱེད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།