[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་གི་མ་བྱན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-06

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་ཏྭ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་གཉེར་བའི་མ་བྱན(གསོལ་མགྲོན་ཁང་གི་རྩལ་ནུས)གསོ་སྦྱོང་འཛིན་གྲྭ་བྱེ་པ་གྲོང་ཚོར་དངོས་སུ་གཉེར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་མི་40ལྷག་ཙམ་ཡོད་པ་དང་། གསོ་སྦྱོང་དུས་ཡུན་ཉིན་10ཡིན་ཞིང་། གསོ་སྦྱོང་བྱ་ཡུལ་ནི་མཚོ་མགོ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དེ་བཞིན་གྲོང་ཚོ་ཁག་གི་སློབ་སྦྱོང་བྱེད་འདོད་ཡོད་པའི་མང་ཚོགས་ཡིན་པ་རེད།

    མཚོ་མགོ་ཤང་གི་ལས་དོན་མི་སྣ་དང་གྲོང་སྡོད་ལས་དོན་རུ་ཁག་གི་འགན་ཁུར་བས། ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་ནས་ལག་རྩལ་སྣ་གཅིག་ཤེས་པ་དང་། ལས་ཞུགས་གཞན་སྒྱུར་བརྒྱུད་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་སྐྱེད་གཏོང་ཆེད་རེད། གསོ་སྦྱོང་ནང་ཞུགས་མཁན་མང་ཚོགས་ཀྱིས་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་ད་ཐེངས་ཀྱི་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཏེ་བསམ་བློའི་ཐད་ནས་དངོས་འབྲེལ་མཐོང་ཆེན་གྱིས་དགེ་རྒན་ལ་བརྩི་འཇོག་དང་ཁེངས་སྐྱུང་ངང་སློབ་སྦྱོང་བྱེད་དགོས་པ་དང་། གསོ་སྦྱོང་གི་སྒྲིག་ལམ་བླང་བྱ་དང་ལས་ཀ་དང་ངལ་གསོའི་དུས་ཚོད་ཀྱི་ལམ་ལུཌ་ནན་པོ་བསྲུངས་ནས་དམིཌ་བསལ་གྱི་གནས་ཚུལ་མེད་ན་དགོངས་པ་མི་ཞུ་བ་དང་། ཕྱི་འབྱོར་དང་སྔ་ལོག་མི་བྱེད་པར་ཉིན་རེའི་སློབ་སྦྱོང་གི་ལས་འགན་ནན་ཏན་སྒྲུབ་དགོས་ཞེས་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།