[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གསེར་རྙེད་ཆུས་ཀྱིས་འབྲོག་ལས་དཔེ་སྟོན་རྟེན་གཞི་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་མགར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། མཉམ་ལས་རྩ་འཛུགས་དང་ཕྱུགས་བཅོལ་ཕྱུགས་སློག་གཞི་རྟེན་དུ་བྱེད་པ། དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ཚད་བརྒལ་སར་བྱེད་པ། “སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། མཉམ་ལས་རྩ་འཛུགས། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་རྣམ་པ་ལག་བསྟར་བྱེད་པ། “གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”དང“ཕྱུགས་བཅོལ་ཕྱུགས་སློག”རྣམ་གྲངས་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བསྡུ་སྒྲིལ་བྱེད་པ། གཅིག་གྱུར་སྤུས་རྟགས་དང་། གཅིག་གྱུར་མངག་ཐོ། གཅིག་གྱུར་ཕྱིར་ཚོང་བཅས་བྱེད་པ། འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་སྒྱུར་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ནུས་ལྡན་བྱས་པ་རེད།

    གསེར་རྙེད་ཆུས་ཀྱིས་སྦགས་བཙོག་མེད་པའི་ས་མཐོའི་འབྲོག་ལས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་བརྟེན་ནས་དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ལྟེ་བའི་ནང་དོན་བྱས་ཏེ། ཞོར་དུ་ཕྱུགས་རིགས་གསོ་ཚགས་དང་མིས་བཟོས་རྩྭ་འདེབས་དང་དཔལ་འབྱོར་སྐྱེ་དངོས་ཚོད་ལྟའི་འདེབས་འཛུགས་བྱས་ནས་མགར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བཏོད་པ་རེད། རྟེན་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.07གཏོང་རྩིས་ཡོད་པ་དང་འཆར་འགོད་བེད་སྤྱོད་ས་ཞིང་མུའུ་9990ཟིན་ཡོད་པ་དང་། མིག་སྔར་རྟེན་གཞིར་ལག་ཡོད་འབྲི་གཡག་690ཟིན་ཡོད།

    རྟེན་གཞི་དེ་གསེར་རྙེད་ཆུས་ཀྱི་གཞུང་ཁོངས་ཁེ་ལས་མགར་སྡེ་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འཁོར་སྐྱོད་ཚོང་གཉེར་བྱས་པ་དང་། འཁོར་སྐྱོད་ཚོང་གཉེར་བྱེད་རིང་། “ཀུང་སིས་ཐོན་སྐྱེད་ལས་སྣོན་དང་། ཐོན་རྫས་ཚོང་གཉེར། སྤུས་རྟགས་གཏོད་པ་བཅས་ཀྱི་འགན་ཁུར་བ་དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་དཀར་ཆུའི་རྟེན་གཞི་འཁོར་སྐྱོད་ཚོང་གཉེར་དང་མང་ཚོགས་ཀྱི་དཀར་ཆུ་ཉོ་སྒྲུབ་ཀྱི་འགན་ཁུར་བ། མང་ཚོགས་དབུལ་པོ་ངལ་རྩོལ་བྱེད་པ་དང་དཀར་ཆུ་འཚོང་བ་བརྒྱུད་ཡོང་འབབ་ཐོབ་པའི”འཁོར་སྐྱོད་ཚོང་གཉེར་གྱི་ལམ་སྲོལ་བཙུགས་པ་རེད། མིག་སྔར། གྲོང་ཚོ་དབུལ་པོ་71དང་། དུད་ཚང་3200ཡི་མང་ཚོགས་ཁྲི་1.6ལྷག་ཙམ(དེའི་ནང་དུད་ཚང་དབུལ་པོ་800ཡི་མི་3800ལྷག་ཙམ་ཚུད་པ)གྱིས་རྟེན་གཞིར་དཀར་ཆུ་མཁོ་འདོན་བྱེད་པ་དང་། “གྲོང་ཚོ་གཅིག་དང་མཉམ་ལས་ཁང་གཅིག་གི”ལག་ཡོད་བཞོན་མ་7600ཟིན་པ། དུད་ཚང་དབུལ་པོའི་ལག་ཡོད་བཞོན་མ6500ཟིན་པ། དུད་ཚང་ཕྱུག་པོ་གཞན་དག་གི་ལག་ཡོད་བཞོན་མ་7000ལྷག་ཙམ་ཟིན་ཡོད་པ་རེད།

    གན་རྒྱ་བཞག་པ་བརྒྱུད། ཐོན་སྐྱེད་རྒྱུ་ཆ་བོགས་མར་ལེན་པ་དང་། ལས་གཏོད་ལས་གནས་གཏོད་པ། དཀར་ཆུ་ཉོ་སྒྲུབ་སོགས་ཐབས་ལམ་བརྒྱུད་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཤུགས་ཆེན་ཕྱིན་ཡོད། 2018ལོའི་ལོ་མཇུག་བར། ཐད་ཀར་ཕན་པ་ཐོབ་པའི་མང་ཚོགས་དུད་ཚང་3844ཡི་མི་ཁྲི་1.88ཟིན་ཡོད། འདི་ལོར་རྟེན་གཞི་དེའི་བཟོ་ཁང་ཚང་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་ཕན་པ་ཐོབ་པའི་མང་ཚོགས་དུད་ཚང་ཁྲི་1.3ཡི་མི་ཁྲི་5.8ལྷག་ཙམ་ཟིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།