[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ལྗོངས་ཀྱིས་ཞིང་འབྲོག་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉེ་ཆར། གསར་འགོད་པར་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་རང་ལྗོངས་ཀྱི་མི་སྤྱི་དང་། ཁྲིམས་འཛིན། ནོར་སྲིད་བཅས་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དངུལ་ཁང་གིས་ཚབ་སྤྲོད་དང་། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་སྒྲུབ་གཉེར་ལ་ལྟ་སྐུལ། ཁེ་ལས་ཀྱི་ཡིད་རྟོན་གདེང་འཇོག་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཞིང་འབྲོག་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་པའི་འགན་ལེན་ཏན་ཏིག་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ལྷོ་ཁ་དང་ཉིང་ཁྲི་སོགས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་དང་དངུལ་ཁང་གི་ཚབ་སྤྲོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལྷོ་ཁ་གྲོང་ཁྱེར་དུ་དངུལ་ཁང་གིས་ཞིང་འབྲོག་ལས་མིའི་གླ་ཆ་སྒོར་ཁྲི་3102ཚབ་སྤྲོད་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་དུ་ཨར་སྐྲུན་ཚན་པ་59ཡིས་དངུལ་ཁང་དུ་ཞིང་འབྲོག་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་བཟོས་པ་དང་ཞིང་འབྲོག་ལས་མིའི་རང་མིང་བཀོད་པའི་གླ་ཆའི་གཱ་633གསར་དུ་གཉེར་ནས་གླ་ཆ་སྒོར་ཁྲི་296ལྷག་ཙམ་སྤྲད་པ། ལྗོངས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་ངལ་ནུས་རྩོད་གཞི་དང་དེ་བཞིན་ཞིང་འབྲོག་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཁག་344བདག་སྤྲོད་བྱས་པའི་ཁྲོད་ནས་144གྱོད་ཐག་བཅད་པ། གྱོད་གཞི་200བདག་སྤྲོད་བྱེད་བཞིན་ཡོད་པ་དང་དཔལ་འབྱོར་གྱོང་གུན་སྒོར་ཁྲི་3800ལྷག་ཙམ་མི་ཕོག་པ་བྱས་པ། ལྗོངས་ནོར་སྲིད་ཐིང་གིས་ལྗོངས་ཡོངས་སུ་2019ལོར་ཞིང་འབྲོག་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཐོ་གཞུང་ནག་པོ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་མ་ཟད། ཚུལ་མིན་སྤྱོད་ཚུལ་གྱི་ཟིན་བཀོད་མིང་ཐོའི་ནང་བཅུག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།