[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་འབྲོག་པའི་འབབ་འཕར། ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ།

    ལྷ་ས་གྲོང་ཁྱེར་གྱིས“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་གོང་འོག་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་འབྲོག་པའི་འབབ་འཕར། ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་བཅས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་51.67བཏང་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་351ལས་འགོ་བཙུགས་པ་དང་བསྐྲུན་པར་སོ་སོར་སྤྱིའི་འཆར་འགོད་ཀྱི་55.45%དང་83.57%བཟུང་བ་ལས་རྣམ་གྲངས་234ལེགས་གྲུབ་ཟིན་ནས་མང་ཚོགས་དབུལ་པོ་ཁྲི་3.7ལ་ཡོང་འབབ་བརྟན་པོ་བྱུང་བ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་17.84བཏང་ནས་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་39ཚང་མ་བསྐྲུན་ཟིན་ཏེ་གནས་སྤོས་མང་ཚོགས་5744ཡི་ལས་ཞུགས་ཐག་གཅོད་ཐུབ་པས། སྤྱིའི་ཆར་དུད་ཚང་རེར་མི་རེ་ཡན་ལས་ཞུགས་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་དུས་ཐེངས་69སྤེལ་ནས་ཞིང་འབྲོག་པ་3241ལ་གསོ་སྦྱོང་བྱས་པར་བརྟེན། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་23861དང་མི་ཐེངས་51419ལ་ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.88ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་སུ་ས་གནས་ཀྱི་མི་3876ལས་ཞུགས་ཐུབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.42བྱུང་བར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་5491.88ཟིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ནས་མུའུ་ཁྲི་29.4བཏབ་པས་ནས་ཀྱི་སོན་བཟང་འདེབས་ཁྱོན་90%ཡན་ཟིན་པ་དང་། རྨོ་ཞིང་གི་རྣམ་གྲངས་གསུམ་གྱི་ལས་ཀ་ཕྱོགས་བསྡུས་འཕྲུལ་ཆས་ཅན་81%ཟིན་པ། སྔོན་དཔག་བྱས་ན་འབྲུ་རིགས་ཐོན་ལས་ཏུན་ཁྲི་17ཡན་བརྟན་པོ་ཡོང་བ། ནས་ཀྱི་ཐོན་ཚད་ཏུན་ཁྲི་11ཡན་བརྟན་པོ་ཡོང་བ། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་18བཏབ་པ་ལས་མ་རྨོས་ལོ་ཏོག་སྔོ་གཟན་མུའུ་ཁྲི་4ཟིན་ཡོད། འབྲི་གཡག་གཞི་ཁྱོན་ཅན་གྱི་རྒྱགས་གསོ་བྱས་པ་2396བཤས་བཏང་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2018ལོ་ནས་2020ལོའི་བར)》དང《ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་འགན་འཁྲི་ཁག་བགོས》བཏོན་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དཔེ་མཚོན་གྱི་དཔེ་སྟོན་རྫོང་དང་གྲོང་ཚོ་གསར་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས“གྲོང་ཚོས་བསྡུ་བ་དང་། གྲོང་རྡལ་གྱིས་དབོར་བ། རྫོང(གྲོང་རྡལ)གིས་ཐག་གཅོད་བཅས་བྱེད་པའི”རྣམ་པ་ཁྱབ་གདལ་ཧུར་ཐག་བཏང་བའི་ཁར“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཧུར་ཐག་བཏང་བའི་ནང་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་ལས་འགན་275དང་རང་བརྟེན་ལག་བསྟར་96ཚང་མ་ལེགས་གྲུབ་ཟིན་པ་མ་ཟད། མིག་སྔར་ཡོངས་རྫོགས་ལེགས་གྲུབ་བྱུང་ཡོད། དཔྱིད་དུས་དང་དབྱར་དུས་ཀྱི་གྲོང་གསེབ་གཙང་སྦྲའི་བྱ་སྤྱོད་བརྟན་པོའི་ངང་སྤེལ་བ། མུའུ་ཁྲི་4.04ལ་ནགས་བཟོ་སྔོ་འགྱུར་དང་འོས་འགན་ཤིང་འཛུགས་མུའུ་ཁྲི་3.52ལེགས་གྲུབ་བྱུང་ནས“གྲོང་ཚོ་རེར་གླིང་ཁ་རེའི”རྣམ་གྲངས་25བསྐྲུན་པའི་ནང་ཆུ་ཤུར་རྫོང་གི་གྲོང་ཚོ་19ཚང་མར་བསྐྲུན་ཟིན་པ། 2018ལོའི“གྲོང་གསེབ་ཀྱི་བཞི་བཟང་ལམ”མཐུད་སྐྲུན་རྣམ་གྲངས་19མུ་མཐུད་ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་3གསར་དུ་བཙུགས་པ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་3མང་དུ་བཏང་ཡོད་པ་བཅས་རེད།

    མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཁྱོན་38ཡོད་པར་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་66ཟིན་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་92%ཟིན་ཡོད་པ་རེད།

    མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)269ལ་ཚད་ལྡན་ཅན་གྱི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་བསྐྲུན་ཏེ་བྱེད་ནུས་ལེགས་གཏོང་བཀོད་སྒྲིག་དང་ཚང་མ་སྤྱོད་འགོ་ཚུགས་ཡོད། “1+3”གྲོང་གསེབ་ཀྱི་ཆེད་ལས་ལས་བྱེད་པའི་གསོ་སྦྱོང་ལས་དོན་སྤེལ་ནས་དུས་ཐེངས་དང་པོར་མི་160ཞུགས་པ་དང་མིག་སྔར་གསོ་སྦྱོང་ཁག་གཉིས་པ་སྤེལ་བཞིན་ཡོད་པ་རེད།

    “བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་གསོ་དང་བཅའ་ཁྲིམས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལོ་སྨད་དུ་ཁྱོན་དྲིལ་བསྒྲགས་བྱེད་སྒོ་ཐེངས་33སྤེལ་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་རིགས་ཁྲི་4.11སྤྲད་པར་མང་ཚོགས་མི་ཐེངས་ཁྲི་6ཞུགས་ཡོད་པ་རེད།

    དེ་དང་དུས་མཚུངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ནས“ནག་སེལ་གཤེད་བཅོམ”གྱི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་ཁྲི་70.34ལྷག་ཙམ་སྤྲད་པ་དང་། བརྡ་ཁྱབ་ཁྲི་20.6ལྷག་ཙམ་སྦྱར་བ། འཕྲེད་འགེལ་ཡི་གེ་6800ལྷག་ཙམ་བཀལ་བ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དུས་བབ་མུ་མཐུན་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།