[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྨན་གླིང་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-26

    ཉེ་ལམ་ལོ་ཤས་རིང་། སྨན་གླིང་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་མཐའ་འཁྱོངས་བྱས་ནས་ཀྲི་པུའུ་དང་། འཇོན་ཐང་ཅན། ཁེ་ལས་བཅས་ཀྱི་སྐུལ་འདེད་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཏེ་ཏང་གི་གཞི་རིམ་གྱི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

    ཀྲི་པུས་སྣེ་ཁྲིད་ཀྱིས་གོ་སྐབས་དམ་འཛིན་ནན་པོ་བྱས་པ། རྒྱ་མ་གྲོང་ཚོ་དང་མི་གཉིས་གྲོང་ཚོ་སོགས་ཀྱི“ཨུ་ལྷན་གཉིས”ཀྱིས་ཡུལ་སྐོར་སྐོར་ལམ་གྱི་ལེགས་ཆར་གཞིགས་ནས“ཞིང་དུད་སྤྲོ་སྐྱིད་ཁང་”བཙུགས་ཏེ་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་པ་དང་། ཁྱུང་གླིང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཡུལ་སྐོར་གྱི་ལེགས་ཆར་བརྟེན་ནས་མཛེས་ལྗོངས་ས་ཚིགས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་ཚོང་གནས་ཀྱི་ཏང་ཚོགས་ཆུང་བཙུགས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་38ཟིན་པ། ཨོ་རོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་སྤྱད་དེ། བཀྲ་ཤིས་བྱེ་རྡོ་ར་བ་ཚད་ཡོད་ཀུང་སི་བཙུགས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་110ཟིན་པ། ཟེང་ཕུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྲིད་གཞུང་གི་མ་དངུལ་རོགས་སྐྱོར་བརྩོན་ལེན་བྱས་ནས་བོད་ཕག་མཉམ་ལས་ཁང་བཙུགས་ཏེ་མང་ཚོགས་དེའི་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་པས་2018ལོར་གྲོང་ཚོ་མཉམ་སྡེབ་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་ཟིན་ཡོད་པ་རེད།

    འཇོན་ཐང་ཅན་གྱིས་སྣེ་ཁྲིད་ནས་དཔེ་སྟོན་སྐུལ་ཁྲིད་བྱས་པ། ཟུར་གསུམ་གྲོང་ཚོའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བདེ་ཆེན་དབང་མོས“འཇོན་ཐང་ཅན་དང་། དུད་ཚང་དབུལ་པོ། གྲོང་མི་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་ལ་བརྟེན་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4མ་རྐང་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀོང་བཙུན་དེ་མོ་གཞིས་ཀ་བསྐྲུན་ནས་མང་ཚོགས་ལ་ལས་གནས་བརྟན་པོ་12མཁོ་འདོན་བྱས་པས་མི་རེར་ཟླ་རེར་འབབ་འཕར་སྒོར་6000བྱུང་བ་རེད།

    ཀྲི་པུས་སྣེ་ཁྲིད་དང་། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་སོགས་བྱས་པ་བརྒྱུད། སྨན་གླིང་རྫོང་གི་གྲོང་ཚོའི་མཉམ་སྡེབ་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2018ལོའི་ལོ་མཇུག་བར། གྲོང་ཚོ(གྲོང་ལྷན)51ལ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁྱོན་སྒོར་ཁྲི་3224.84བྱུང་བ་དང་། དེའི་ནང་གྲོང་ཚོ(གྲོང་ལྷན)7གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།