[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྨན་རི་ཤང་གི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཀྱི་ཉམས་མྱོང་།

    ཉིང་ཁྲི་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-31

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི“ཁུལ་གཅིག་དང་རྟེན་གཞི་བཞིའི”ཐོན་ལས་བཀོད་སྒྲིག་ལ་དམ་པོར་དམིཌ་ཏེ། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་གཞི་རྟེན་དུ་བྱེད་པ། ཚན་རྩལ་འདེཌ་སྐྱོར་དུ་བྱེད་པ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ་བཅས་བྱས་ནས། མང་ཚོགས་ཀྱིས་ས་ཞིང་བརྒྱུད་བཤུག་བྱེད་པར་སྣེ་ཁྲིད་དང་། ཕྱི་ཕྱོགས་ཀྱི་ཞིང་འབྲེལ་ཁེ་ལས་ནང་འདྲེན། ས་གནས་དེ་གའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐྱེད་སྲིང་། གྲོང་འདབས་ཀྱི་ཤིང་ཏོག་དང་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་ལ་ཤུཌ་སྣོན་བཅས་བྱས་པ་བརྒྱུད། “ཤིང་ཏོག་དང་སྔོ་ཚལ་གྱི་ཕ་ཡུལ་སྨན་རི”བཏོད་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱས་པ་རེད། དེར་བརྟེན། གསར་འགོད་པས་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སོགས་ཀྱི་སྐོར་ལ་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བར་བཅར་འདྲི་ཞུས་པ་ཡིན།

    སྨན་རི་ཤང་གི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུཌ་ལ་ལོ་མང་པོའི་ཉམས་མྱོང་ཡོད་དེ། སྨན་རི་ཤང་གིས་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ཚུན་ནས། དབྱིན་ཧྥང་དང་། ཧྲེང་ཧྲི། ཧྲེང་ཡུས། ཅིན་ཡུས་སོགས་ཞིང་ལས་དང་འབྲེལ་བའི་ཁེ་ལས་གཙོ་གནད་ཐོག་ནང་འདྲེན་བྱས་པ་དང་། ས་ཞིང་མུའུ་4000ལྷག་བརྒྱུད་བཤུག་བྱས་ཏེ་གཅིག་སྡུད་དང་གཞི་ཁྱོན་ཅན་གྱི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས་པ་རེད། ཞིང་ལས་དང་འབྲེལ་བའི་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཙོ་བོར་བྱས་པའི་གཉེར་སྐྱོང་བྱེད་པོ་བཙུགས་པ་བརྒྱུད་ཁོང་ཚོས་དུས་ཐོག་ཏུ་ཁྲོམ་རར་འབྲེལ་མཐུད་ཐུབ་པ་དང་། ཆ་འཕྲིན་ཅན་གྱི་འདེབས་འཛུགས་བྱས་ཏེ་ཁྲོམ་རའི་དགོས་མཁོ་ལྟར་བཏབ་པ་མ་ཟད། ཁྲོམ་རའི་དགོས་མཁོ་ལྟར་མངགས་ཐོའི་འདེབས་འཛུགས་ཀྱང་བྱས་པ་རེད།

    མིག་སྔར། ཤང་དེས་འདེབས་འཛུགས་བྱས་པའི་ཤིང་ཏོག་དང་སྔོ་ཚལ་ལྗོངས་ཡོངས་སུ་བྲིན་ཁ་རྒྱུག་པོ་ཡོད་པ་དང་། དེའི་ནང་ཤིང་ཏོག་དང་སྔོ་ཚལ་ཁག་གཅིག་དྲ་ཐོག་ཚོང་ཁང་གི་ལས་སྟེགས་བརྒྱུད་ནས་ལྗོངས་ཕྱིར་འཚོང་བཞིན་ཡོད་ལ། ཤིང་ཏོག་དང་སྔོ་ཚལ་ཐོན་ལས་དེ་ཤང་ཡོངས་ཀྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།