[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • འཕྱོངས་རྒྱས་རྫོང་གིས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ལམ་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་རྫོང་ཡོངས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་སྣེ་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་འདུ་འགོད་ལ་བརྩིས་ནས། གཏོར་འཛུགས་གལ་ཆེ་མཉམ་འཛིན་དང་རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་པས། ལས་བྱེད་པའི་མི་དོན་ལམ་ལུགས་དང་། ཏང་གི་གཞི་རིམ་རྩ་འཛུགས་ལམ་ལུགས། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་གཞིའི་ལམ་སྲོལ་སོགས་སྒྱུར་བཅོས་མང་པོ་སྣ་མང་མཉམ་སྒྲུབ་དང་ཕན་ཚུན་འདེགས་སྐྱོར་གྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    རྫོང་ཡོངས་ཀྱི་ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པའི་དོ་དམ་ཆུ་ཚད་མཐོ་རུ་བཏང་ཞིང་། 《འབྲེལ་ཡོད་སྒྲིག་ཁྲིམས་དང་བླང་བྱ་བསྐྱར་བཤད་བྱས་ནས་རྫོང་རིམ་པའི་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཞིབ་འཇུག་གཏན་འབེབས་བྱས་པ་དང་། 《དོན་གནད་གལ་ཆེན་དགོངས་སྐོར་སྙན་ཞུའི་ལམ་ལུགས》དང《འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་ཞུའི་ལམ་ལུགས》བཙུགས་པ། ལས་བྱེད་པ་འདེམས་བསྐོའི་ལས་དོན་གྱི་གནས་ཚུལ་ངོ་མ་འགོད་པ་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། འཕྲལ་འདོན་བསམ་འཆར་ལ་ཞིབ་བཤེར། བརྒྱུད་རིམ་ཧྲིལ་པོའི་འགག་སྒོ་ནན་སྲུང་། འགན་འཁྲི་བདའ་འདེད་དང་རྩད་གཅོད་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་རེད། རྫོང་གིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚན་ཁག་དང་ཁོའོ་རིམ་པའི་ལས་བྱེད་པའི་རྟོག་ཞིབ་གདེང་འཇོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྫོང་གིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚན་ཁག་དང་ཁོའོ་རིམ་པའི་ལས་བྱེད་པར་རྟག་ཏུ་དཔྱད་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་མཐོང་ཆེན་བྱས་པ་དང་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པར་མཐོང་ཆེན་བྱས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྟེན་ནས་རྒྱུན་གཏན་གྱི་གཏམ་སྤྱོད་ཚད་ལྡན་དུ་བཏང་ཡོད་པ་རེད། “རྟོག་ཞིབ་གཅིག་དང་། ཞིབ་བཤེར་གཉིས། གདེང་འཇོག་གསུམ། འཛུགས་སྐྱོང་བཞི”བཅས་ཀྱི་བྱ་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱས་པས་རྟོག་ཞིབ་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་རྒྱུགས་ལེན་ལ་བརྟེན་ནས་བེད་སྤྱོད་ལ་སྐུལ་འདེད་དངོས་འབྲེལ་ཐུབ་པ་བྱས་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན“སློབ་སྦྱོང་ཐེངས་བརྒྱ་བྱེད་པའི་གྲོས་བསྡུར་ཚོགས་འདུ”རྒྱ་ཁྱབ་ངང་འཚོགས་ནས་ཏང་ཡོན་གྱིས་ཆབ་སྲིད་དད་སེམས་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།