[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    འདི་ལོ་ཤར་ཚུན། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས་གཞི་རིམ་གྱི་རྨང་གཞིའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གནད་སྨིན་ཤུགས་འདོན་བྱས་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་སྐུལ་འདེད་ཤུཌ་ཆེན་བཏང་སྟེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་།

    སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ཏེ་སྣོད་བཅུད་ཁོར་ཡུག་ཡག་པོ་ནི་ཞིང་འབྲོག་ཁུལ་གྱི་ལེགས་ཆ་ཆེ་ཤོས་དང་རྩ་ནོར་ཡིན་པ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཡོད། འབྲོམ་སྟོད་ཤང་གེ་རེ་གྲོང་ཚོར་བཅའ་སྡོད་སྟག་རྩེ་ཆུས་ཀྱི་ལས་དོན་རུ་ཁག་གིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པའི་འོས་འགན་ཤིང་འཛུགས་བྱེད་སྒོ་ཤུགས་ཆེན་སྤེལ་ནས་གེ་རེ་གྲོང་ཚོའི་ཀུ་ཤུའི་ལྡུམ་ར་རྙིང་པ་དེར་ཤིང་འབྲས་ཀྱི་ལྗང་བུ་གསར་པ་བཏབ་པ་དང་ཆབས་ཅིག དཔལ་འབྱོར་ནགས་ཤིང་མུའུ་80ལྷག་ཙམ་མང་དུ་བཏང་བ་མ་ཟད། ད་དུང་སྤྲོ་གསེང་གྲོང་ཚོར་ལོ་དམར་རྒྱ་ལྕང་རྐང་11000བཏབ་པ་རེད། ཡབ་མདའ་ཤང་སྤང་ཕུ་གྲོང་ཚོར་བཅའ་སྡོད་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་དོན་རུ་ཁག་གིས་དུས་བཀག་ནང་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་ཆེ་མོའི་བྱེད་སྒོ་སྤེལ་ནས། མང་ཚོཌ་ལ“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”བདེ་ཐང་གི་འཚོ་བའི་འདུ་ཤེས་འཛུཌ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམ་པོར་དམིགས་ནས་སྲིད་སྐྱོང་གི་གཞི་རྩའི་དམིགས་ཚད་བརྟན་པོར་བཙུགས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཆུ་ཚད་སྔར་བས་མཐོ་རུ་ཧུར་ཐག་བཏང་བ་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱས། མིག་སྔར། བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོར་བཅའ་སྡོད་མལ་གྲོ་གུང་དཀར་རྫོང་གི་ལས་དོན་རུ་ཁག་དང་། བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོར་བཅའ་སྡོད་ལྷུན་གྲུབ་རྫོང་གི་ལས་དོན་རུ་ཁག སྟག་རྩེ་ཆུས་ཞོག་ཤང་ཞོག་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྒུལ་བདེ་ཀུང་སིའི་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་ནུས་པ་བཀོད་སྒྲིག་དུས་མཚམས་སུ་སླེབས་ནས་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པའི་བཀོད་སྒྲིག་ཆ་ཚང་གྲོང་ཚོ་དེ་གའི་དོན་དངོས་དང་མཐུན་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་པའི་རྩ་དོན་གཞིར་བཟུང་། ཇུས་འགོད་བྱས་པའི་དམིགས་ཡུལ་ནི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་འདི་ཉིད་ཞབས་ཞུའི་ནུས་པའི་དོན་དངོས་དང་འཚམ་པ་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་འདུ་འཛོམས་ཁུལ་དུ་བསྐྲུན་ཐུབ་པ་བྱ་རྒྱུ་དེ་རེད།

    ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་དམ་འཛིན་ནན་པོ་བྱེད་པ་ནི་གཞི་རིམ་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རོགས་སྐྱོར་འཕྲུལ་ཆས་ཤིག་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་གཞུང་ལས་ཁང་གི་ལས་དོན་རུ་ཁག་དང་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལས་དོན་རུ་ཁག་གིས“བདུན་ལྔའི་ཁྲིམས་ལུགས་ཁྱབ་གདལ”ལས་དོན་ནན་ཏན་སྤེལ་ནས། ཞིང་འབྲོག་པའི་རིག་གནས་ཆུ་ཚད་དང་དོན་དངོས་ཀྱི་དགོས་མཁོ་སོགས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རྩ་ཁྲིམས་དང་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁག་གཅིག་ཁོང་དུ་ཆུད་པ་བྱས་པ། བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།