[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་རང་ངོས་ཀྱི་ཞན་ཆ་གསལ་རྟོགས་དང་ཁར། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལས་བྱུང་བའི་གོ་སྐབས་དམ་འཛིན་ནན་པོ། ས་ཁུལ་ཁག་གི་འཕེལ་རྒྱས་མྱུར་པོར་རྒྱབ་སྐྱོར་བྱེད་པའི་རང་སྐྱོང་ལྗོངས་ཀྱི་ཧེ་བག་ཅན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ཟུང་འབྲེལ་ནུས་ལྡན་གྱིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་གོ་སྐབས་དང་བསྟུན་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འཆར་འགོད་མ་ལག་གང་མགྱོགས་བསྐྲུན་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་མ་བརྟན་པོ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། ཞིང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། སྦྲག་ལས། རླུང་འཕྲིན་བརྙན་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཤུགས་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། ཞིང་འབྲོག་ལས་ཀྱི་གནས་སྤོས་མི་འབོར་གྲོང་མིར་མགྱོགས་མྱུར་བསྒྱུར་བ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཡོང་བར་སྐུལ་མ་ཧུར་ཐག་བཏང་བ་རེད།

    ལམ་ལུགས་ཁག་སྒྱུར་བཅོས་གཏིང་ཟབ་ལ་ཤུགས་སྣོན་བརྒྱབ་ནས་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་འགན་གཙང་བླངས་པའི་ས་ཞིང་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། ས་ཞིང་དང་རྩྭ་ར་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་རྒྱུན་འཁྱོངས་བྱས་ཤིང་། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིང་འབྲོག་པའི་རྒྱུ་ནོར་དབང་ཆ་འགན་ལེན་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་རེད།

    འབྲོག་ཁུལ་གྱི་ཐོན་ལས་དང་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་པ་དང་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་རིགས་ཀྱི་ཞིང་འབྲོག་པ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་འབྲོག་པའི་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱས་ནས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། ནང་སའི་འདེབས་འཛུགས་གསོ་སྤེལ་དུད་ཆེན་ནམ་ཡང་ན་ཁེ་ལས་བོད་ལ་ས་ཞིང་དང་རྩྭ་ར་འགན་གཙང་ལེན་པར་ཡོང་རྒྱུའི་ཡིག་དབང་འགུགས་གང་ཐུབ་ཀྱིས་རྣམ་པ་མང་བའི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱ་བ་འཕེལ་རྒྱས་བཏང་བ་རེད།

    གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་། ཐོན་ལས་ལུགས་མཐུན་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བཅས་ལ་སྐུལ་མ་ཧུར་ཐག་བཏང་ནས་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་སོགས་དེང་རབས་ཀྱི་གཞི་རྒྱུ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དུ་འཁོར་རྒྱུག་ཡོང་བར་ཁྲིད་སྟོན་བྱས་ནས་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ཡོད། ཨ་མདོ་རྫོང་གི་བྲག་སྨུག་གྲོང་རྡལ་དང་། སོག་རྫོང་གི་རོང་པོ་གྲོང་རྡལ། འབྲི་རུ་རྫོང་གི་ཤག་ཆུ་གྲོང་རྡལ་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཤང་དང་གཙོ་གནད་གྲོང་རྡལ་22ཀྱི་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་ནག་ཆུ་གྲོང་རྡལ་ལྟེ་བར་བྱེད་པ་དང་། རྫོང་གྲོང་ཁག་སྒྲོམ་གཞིར་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་འགྲིམ་འགྲུལ་མ་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་འདེགས་སྐྱོར་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཤུགས་ཆེན་བསྐྲུན་པ་རེད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་འཚོ་བའི་དམིགས་ཚད་མངོན་འགྱུར་ལ་དམིགས་ཏེ“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བ་ཞིབ་ཕྲའི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་གྱིས་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་དེང་རབས་ཀྱི་ཤེས་དཔལ་དང་རྩྭ་ཐང་གི་ཉམས་འགྱུར་ལྡན་པའི་གྲོང་གསེབ་ཡིད་དུ་འོང་བ་ཞིག་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།