[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ལྗོངས་ཀྱིས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཐབས་མང་མཉམ་སྤྱོད་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-22

    གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་2018ལོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་ལ་2018ལོའི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་བཀྲམ་པ་དང་། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་དང་། རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། འཛུགས་སྐྲུན་རྒྱུ་ཆ་མཁོ་སྤྲོད་འགན་ལེན། ལས་གྲྭའི་རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

    གཙོ་གནད་རྣམ་གྲངས་ཀྱི་ལས་རིགས་ལྟ་སྐུལ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་ཟླ་རེའི་སྙན་ཞུ་དང་བརྡ་ཁྱབ་ལམ་ལུགས་བཟོས་པ་དང་། རྣམ་གྲངས་ཀྱི་འགན་འཁུར་མི་སྣ་གསལ་བཟོ། ཟླ་རེ་བཞིན་རྣམ་གྲངས་ཀྱི་འཕེལ་རིམ་བཀོད་གཏོང་བཅས་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གོང་ཞུ་བྱས་པའི་རྣམ་གྲངས་ཀྱི་འཕེལ་རིམ་གཞིར་བཟུང་གཙོ་གནད་དང་ས་ཁོངས་དབྱེ་སྟེ་རྣམ་གྲངས་ཀྱི་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་སྤུས་ཚད་དང་འཕེལ་རིམ་འགན་ལེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི《〈2018ལོའི་ལྗོངས་ཡོངས་ཀྱི་མ་འཇོག་དང་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི〉(ཁག་དང་པོ)པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱར་གཞིགས་ནས། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་མ་དངུལ་དོན་འཁྱོལ་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་2018ལོའི་གྲོང་ཁྱེར་གྱི་བཀོད་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལས་འགན་ལེགས་སྒྲིག་དང་ཉུང་དུ་བཏང་བ་རེད། 2018ལོར་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་འགན་འཁུར་ནས་ལག་བསྟར་བྱས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་203.77གཏོང་རྩིས་ཡོད་པའི་ནང་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་63.84དང་། ཁེ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་70 ས་གནས་ནས་རང་གྲབས་བྱས་པ་དང་དེ་མིན་གྱི་མ་དངུལ་སྒོར་དུང་ཕྱུར་69.93བཅས་ཡོད་པ་རེད། ཟླ་5པའི་ཟླ་མཇུག་བར། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་56.77བཏང་བ་དེས་ལོ་ཧྲིལ་པོའི་མ་འཇོག་འཆར་གཞིའི་27.85%བཟུང་བ་དང་། སྔོན་དཔག་བྱས་ན་2018ལོའི་ལོ་སྟོད་ཀྱི་མ་འཇོག་འཆར་གཞི་ཚད་བརྒལ་ངང་ལེགས་གྲུབ་ཐུབ་རྒྱུ་

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།