[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲལ་འགྲིག་ལ་གཙང་སྦྲ་དོད་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-15

    531043_yis_1531286534102_s.jpg

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་དམིགས་ནས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏིང་ཟབ་བཏོད་དེ“གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་དང་ཤེས་དཔལ་ཤང་སྲོལ་འཛུགས་རྒྱུ”འཛུགས་སྐྲུན་ཁྲོད་མཉམ་བསྲེས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁོར་ཡུག་བཅོས་སྒྲིག སྤྱི་པའི་ཞབས་ཞུ། གྲོང་སྲོལ་ཤེས་དཔལ། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཤུགས་ཆེན་སྤེལ་ནས་སྲོལ་གསར་གཏོད་པ་དང་སྲོལ་རྙིང་དང་གོམས་འདྲིས་ངན་པ་མེད་པ་བཟོས་ནས་མང་ཚོགས་བདེ་ཐང་དང་ཤེས་དཔལ་ཡར་ཐོན་གྱི་འཚོ་བའི་རྣམ་པ་ཞིག་སྐྱེད་སྲིང་བྱས་ཡོད་པ་རེད། ད་ཆ་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་། གྲོང་སྲོལ་དམངས་སྲོལ་གཞུང་དྲང་ལ་བབ་ཆགས་པ། གྲོང་ཚོའི་རྣམ་པ་གསར་རྐྱང་བཅས་ཡིན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གྲལ་འགྲིག་ལ་གཙང་སྦྲ་དོད་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།