[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་ཚོ་མཛེས་ཤིང་དམངས་རྣམས་ཕྱུག འབྱོར་འབྲིང་ལམ་གྱི་དཔེ་སྟོན་དངོས།

    སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོས“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ”གཏོད་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཉིང་ཁྲིའི་ས་ཕྱོགས་གང་སར་དབྱར་དུས་ཀྱི་རྣམ་པས་ཁེངས། སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོར་བསྐྱོད་སྐབས། དེ་གར་སྔོ་ལྗང་གོས་ཀྱི་བཀླུབས་ཤིང་ཞི་བདེ་འཆམ་མཐུན་གྱི་རྣམ་པས་ཁེངས་པ་དང་། མུ་ཏིག་སྟར་ལ་བརྒྱུས་འདྲའི་བོད་ལུགས་སྡོད་ཁང་གི་སྒོ་དང་སྒེའུ་ཁུང་ཐོག་གི་ཤམ་བུ་ཡང་བསིལ་བསིལ་རླུང་བུས་ལྷབ་ལྷུབ་ཏུ་གཡོ་བའི་ཚུལ་དེ་ང་ཚོར་དགའ་བསུ་ཞུ་བ་དང་མཚུངས། དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་ན་ནིང་དཀྲོགས་གྲོང་ཚོར“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ”ཞེས་པའི་མཚན་སྙན་ཐོབ་ཅིང་། དེ་ནི་སྣང་རྫོང་གི་གྲོང་མདག་གྲོང་རྡལ་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་རྗེས་སླར་ཡང“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོའི”མཚན་སྙན་ཐོབ་པའི་སྲིད་འཛིན་གྲོང་ཚོ་གཉིས་པ་དེ་རེད།

    ད་ཕན་ལོ་ཤས་རིང་། དཀྲོགས་གྲོང་ཚོས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག གཞི་རིམ་ཏང་འཛུགས་སྐྱོང་ཚད་བརྒལ་དུ་བྱས་ཏེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཤེས་དཔལ་སྲོལ་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཀུན་སྤྱོད་བཟང་པོའི་ཞིང་ཁྱིམ་གྱི་དཔེ་སྟོན་ཁུལ”དང་། “དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ” “རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ” “རང་སྐྱོང་ལྗོངས་ཤེས་དཔལ་གྲོང་ཚོ” རང་སྐྱོང་ལྗོངས་ཀྱི“བཟང་པོ་ལྔ་ལྡན་ཡ་རབས་ཁྱིམ་ཚང་གི་དཔེ་སྟོན་གྲོང་ཚོ” རང་སྐྱོང་ལྗོངས་ཀྱི“གྲོང་གསེབ་གསར་པ་དང་རིག་གནས་གསར་པའི་དཔེ་སྟོན་གྲོང་ཚོ” རང་སྐྱོང་ལྗོངས་ཀྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས” རང་སྐྱོང་ལྗོངས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ་མཉམ་སྡེབ” ཉིང་ཁྲི་གྲོང་ཁྱེར་གྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས” ཉིང་ཁྲི་གྲོང་ཁྱེར་གྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་མཛེས་ལ་དམངས་རྣམས་ཕྱུག་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་མཁན་གྱི་དཔེ་སྟོན་དུ་གྱུར་ཡོད།

    519078_yis_1528179816378.jpg

    འདི་ནི་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་དཀྲོགས་གྲོང་ཚོར་ཡུལ་སྐོར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།