[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རི་གྲོང་མཛེས་ཤིང་ལྟ་ན་སྡུག འཚོ་བ་སྐྱིད་ཅིང་བདེ་ལ་འཁོད།

    —— ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-01

    གླེང་གཞི།

    དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་མཚོ་སྣ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གཡུལ་ས་གཙོ་བོ་ཞིག་ཏུ་བརྩིས་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྔ་རྗེས་སུ“གཅིག་རེ་དྲུག་དང་འགན་ལེན་དྲུག”གི་ལས་ཀའི་བསམ་ཕྱོགས་དང“སྣང་ཆེན་བཅུ་གཉིས་དང་མ་ཐོན་སྔོན་འགོག་བཅུ་གཉིས”ཀྱི་གཞི་རྩའི་རྩ་དོན་བཟོས་པ་དང་མ་དངུལ་བསྡུ་སྒྲིལ་དང་མང་ཚོགས་སྐུལ་སློང་གིས“དམ་འཛིན་གཉིས་དང་ཐུན་མོང་སྐུལ་འདེད”ཀྱི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་སྔ་རྗེས་སུ་སྒོར་དུང་ཕྱུར་1.3བཏང་ནས་མག་མག་འབྱོར་འབྲིང་གྲོང་ཚོ་དང་མཚོ་སྣའི་ཚོཌ་ཆུང་གཉིས་པའི་འབྱོར་འབྲིང་གྲོང་ཚོ། སྦྱོར་ར་དང་། ཀོང་རི། ཟངས་ཡུལ་བཅས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་དང་མང་ཚོགས་དུད་ཚང་141གི་སྡོད་ཁང་ཁོར་ཡུག་ལེཌ་སུ་བཏང་ཡོད། གཞན་ཡང་ར་བའི་དཔལ་འབྱོར་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོཌ་ཀྱི་དངུལ་སྨར་ཡོང་འབབ་ཆེས་ཆེར་མང་དུ་བཏང་ཡོད།

    516770_yis_1527570958123.jpg

    མཛེས་སྡུག་ལྡན་པའི་རི་གྲོང་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་མག་མག་འབྱོར་འབྲིང་གྲོང་ཚོ་ཡིན་པ།

    516772_yis_1527570959620.jpg

    མཚོ་སྣ་རྫོང་གི་སྦྱོར་ར་དང་། ཀོང་རི། ཟངས་ཡུལ་བཅས་གྲོང་ཚོ་གསུམ་2014ལོར་འབྱོར་འབྲིང་གྲོང་ཚོར་བསྐྲུན་ཞིང་། འདི་ནི་ད་ལྟའི་མཛེས་ཤིང་ལྟ་ན་སྡུག་པའི་འབྱོར་འབྲིང་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་སྐྱེས་འཚར་ལེགས་པའི་ཞིང་ཁ་ཡིན་པ།

    516771_yis_1527570958825.jpg

    མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་གྱི་ལས་དོན་མི་སྣས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་དོན་ཐད་དུད་ཚང་དུ་བརྟག་ཞིབ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ།

    རྨང་གཞི་བརྟན་དུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་སེམས་བདེ་ལ་བཀོད་པ།

    རྣམ་གྲངས་དོན་འཁྱོལ་གྱི་འགག་རྩ་ནི་དམངས་སེམས་ཐོབ་ཐབས་བྱ་རྒྱུ་དེ་རེད། མཚོ་སྣ་རྫོང་གིས་གཅིག་ནས་རྒྱ་ཁྱབ་ངང་མི་སྣ་སྐུལ་སློང་གིས་དྲིལ་བསྒྲགས་དང་། ལྕག་སྐུལ་སྲིད་ཇུས་འདོན་པ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པར་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། གཉིས་ནས་རྣམ་གྲངས་བསྡུ་སྒྲིལ་དང་། མ་དངུལ་བསྡུ་སྒྲིལ། མི་ཤུཌ་བསྡུ་སྒྲིལ་བཅས་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆཌ་པར་བྱས་ཡོད།

    མང་ཚོགས་ནས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་གཏིང་ཟབ་རྟོགས་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་ཧུར་ཐག་བྱ་ཆེད། མཚོ་སྣ་རྫོང་གིས་ཆེད་མངགས་དུད་ཚང་དུ་བསྐྱོད་དེ། སྲིད་ཇུས་སྒྲོག་འགྲེལ་དང་། རྣམ་པ་ཟབ་མོ་གཏོད་པ། དོགས་གནད་སེལ་བ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་གྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རོགས་བྱས་ཡོད། དེ་དང་ཆབས་ཅིག་མཐའ་མཚམས་ཀྱི་རིམ་པ་གཉིས་པའི་ས་བབ་མཐོ་བའི་ས་ཁུལ་མང་ཚོགས་ས་བབ་དམའ་བའི་ས་ཁུལ་དུ་གནས་སྤོ་བ་དང་ཐོན་སྐྱེད་བྱ་ཡུལ་དང་འཚོ་བ་སྐྱེལ་ཡུལ་འོས་འཚམ་ངང་དབྱེ་བ་འབྱེད་པའི་སྐུལ་མ་བཏང་ཡོད། སྲིད་གཞུང་གིས་ལེཌ་པོ་རོང་གི་མང་ཚོཌ་ཀྱི་བེད་མེད་ཁང་པ་ཉོས་ནས་བཀོད་སྒྲིག་ལུགས་མཐུན་བྱས་པ་དང་བཀོད་སྒྲིག་སྲིད་ཇུས་དང་། བཤིག་སྤོའི་གུན་གསབ། ས་སྲུང་མཐའ་བརྟན་གྱི་ཁ་གསབ་བཅས་གསལ་པོ་བཟོས་ནས“ཐོན་སྐྱེད་རྒྱུ་ཆ་དབང་ཆའི་བདག་ཁོངས་མི་འགྱུར་བ”དང་། “ཁང་སའི་སྤྱོད་དབང་མི་འགྱུར་བ” “གཟིགས་སྐྱོང་སྲིད་ཇུས་མི་འགྱུར་བ”བཅས་ཀྱི“ཡུན་རིང་མི་འགྱུར་བ་གསུམ”གྱི་སྲིད་ཇུས་བཏོན་ནས་མང་ཚོགས་བློ་བདེ་པོ་ཡོང་བར་བྱས་ཡོད།

    སྔོན་ལ་འཆར་འགོད་བྱས་ནས་ཇུས་འགོད་ས་བཀྲ་མུ་མཐུད་འགོད་པ།

    ས་བབ་མཐོ་ཚད་སྨི་4500ཡི་སྤོས་ལ་བརྒལ་རྗེས་ས་བབ་མཐོ་ཚད་སྨི་3000ཡང་མ་ཟིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཆགས་པའི་སྔོ་ལྗང་མཛེས་ལྗོངས་ཁུལ་ལེགས་པོ་རོང་དུ་སླེབས། དེ་གར་གཙང་ཆུ་ཤང་ཤང་དུ་རྒྱུག་པ་དང་། གང་སར་འདབ་ཆགས་ཀྱི་སྐད་སྙན་གྲགས་ཤིང་མེ་ཏོག་དྲི་ཞིམ་འཐུལ་བ། ལོ་མང་སྐྱེས་པའི་ལྕང་སྡོང་མཁའ་ལ་སྙེག་པ་བཅས་ལས“བདེ་བ་ཅན་གྱི་ཞིང་ཁམས”སུ་སླེབས་པའི་ཚོར་སྣང་ཞིག་སྦྱིན། ཡུལ་དེ་ནི་མག་མག་མོན་པ་མི་རིགས་ཤང་མག་མག་འབྱོར་འབྲིང་གྲོང་ཚོ་རེད།

    མག་མག་གྲོང་ཚོ་ནི་མཚོ་སྣ་རྫོང་གིས་འཕེལ་རྒྱས་སྔ་ཤོས་བཏང་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཞིག་ཡིན་ཞིང་། ཆུ་བོའི་གཞུང་དུ་སྟར་ཆགས་སུ་གནས་པ་དང་། གྱ་མ་གྱུའི་ཨར་འདམ་གཞུང་ལམ་གྱི་ངོགས་གཉིས་སུ་མོན་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་བརྗིད་ཅིང་ལྟ་ན་སྡུག དེ་གར་ཚོང་ཁང་དང་། མགྲོན་ཁང་། སློབ་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཧ་ཅང་ཚང་པོ་ཡོད།

    “གྲོང་ཚོའི་ཁང་པ་དང་། འགྲོ་ལམ། སྔོ་འགྱུར་བཅས་ཚང་མ་གཅིག་གྱུར་འཆར་འགོད་བྱས་པ་ཞིག་ཡིན། འདི་གར་ཆུ་དང་། གློག ལམ། དྲ་རྒྱ་བཅས་ཀྱི་སྒྲིག་བཀོད་ཆ་ལག་ཚང་པོ་ཡོད། ལྷག་དོན་དུ་འདི་གར་སློབ་ཆུང་ཡང་བཙུགས་ཡོད། ད་ཆ་གྲོང་ཚོའི་གྲོང་མི་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་གི་ཡོད། ཡུལ་སྐོར་བ་མང་བའི་སྐབས་སུ་འདི་གར་མགྲོན་ཁང་ཁ་ཐང་པོ་འདུག ང་ཚོའི་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་ནའང་ཁྱིམ་ཚང་ཚང་མའི་འཚོ་བ་འབྱོར་ཕྱུག་ཡིན་ལ། ལྷན་སྦྱར་སྒྲིག་ཆས་ཀྱང་ཆ་ཚང་བས། གྲོང་ཁྱེར་དུ་འཚོ་བ་སྐྱེལ་བ་དང་གཉིས་སུ་མེད”ཅེས་གྲོང་མི་ཕུན་ཚོགས་འཇམ་དབྱངས་ཀྱིས་གསར་འགོད་པར་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་མཚོ་སྣ་རྫོང་གིས“གྲོང་ལྷན་གཅིག་དང་། ཇུས་འགོད་ས་བཀྲ་གཅིག མུ་མཐུད་འགོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། སྤྱིའི་འཆར་འགོད་དང་། ཐོན་ལས་འཕེལ་རྒྱས། ལྷན་སྦྱར་སྒྲིག་བཀོད། ས་ཆ་བེད་སྤྱོད་སོགས་ཀྱི“གནས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི”ཚན་རིག་དང་མཐུན་པའི་འཆར་འགོད་ལ་གཙོ་བོར་དམིགས་ཏེ་ལོ་30རིང་རྗེས་ལུས་མི་ཐེབས་པའི་འགན་ལེན་བྱས་པ་དང་འབྲེལ། 2017ལོར་རྫོང་དེའི་ཤང་གྲོང་ཚང་མའི་འཆར་འགོད་ལེགས་སྒྲུབ་བྱས་ཏེ་འབྱོར་འབྲིང་གྲོང་ཚོ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་གཞི་འཛིན་ས་མཁོ་འདོན་ཡང་བྱས་ཡོད།

    དེ་དང་དུས་མཚུངས་མཚོ་སྣ་རྫོང་གིས་གནད་སྨིན་བཀོད་ཇུས་དང་། གནད་སྨིན་ཇུས་འགོད། གནད་སྨིན་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ཏེ། “གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་དང་། ས་ཆ་གྲོན་ཆུང་། ཕྱོགས་བསྡུས་བཀོད་སྒྲིག རྒྱུན་མཐུད་འཕེལ་རྒྱས”བཅས་ཀྱི་རྩ་དོན་གཞིར་བཟུང་། “མཐའ་མཚམས་དང་ཉེ་བཅར་དང་། རྫོང་གྲོང་དང་ཉེ་བཅར། མཛེས་ལྗོངས་ཁུལ་དང་ཉེ་བཅར”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་། བེད་སྤྱོད་ས་ཆ་དང་འཛུགས་སྐྲུན་གཞི་ཁྱོན་ལུགས་མཐུན་བཀོད་སྒྲིག གཅིག་སྡུད་གནས་སྤོ་དང་། སྔོན་མའི་གནས་ཡུལ་དུ་གསར་སྐྲུན། ས་ཆ་དེ་རང་དུ་སྒྱུར་བཀོད། གང་སར་བཀོད་སྒྲིག་བཅས་ཀྱི་བྱེད་སྟངས་བཞི་སྤྱད་དེ་མང་ཚོགས་ཀྱི་བློ་འདོད་དང་། དགོས་མཁོ། མ་དངུལ་རང་གྲབས་ནུས་པ་བཅས་ལ་ནན་པོར་གཞིགས་ནས་འཛུགས་སྐྲུན་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་པ་དང་ཆབས་ཅིག་སྐྲུན་དངོས་ཀྱི་ཉམས་འགྱུར་དང་མཛེས་ལྗོངས་ཟུང་འབྲེལ་ལ་སྣང་ཆེན་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པ། ལྷན་སྦྱར་ཐོན་ལས་དང་ཚོང་ལས་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐར“མང་ཚོགས་ཀྱི་འགྲོ་སྐྱོད་དང་། སྨན་བཅོས། སློབ་གསོ། ལས་ཞུགས་བཅས་ལ་སྟབས་བདེ་སྐྲུན་པའི”དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ནས་མཐའ་མཚམས་མང་ཚོགས་གནས་བཟོད་བདེ་བ་དང་སེམས་པ་ལྷོད་ལ་བབ་པ་བྱ་རྒྱུ་རེད།

    ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་ཐུབ་པ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ།

    འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྩ་བའི་དམིགས་ཡུལ་ནི་མང་ཚོགས་རྣམས་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ན་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བར་འགོད་ཐུབ།

    གྲོང་ཚོ་ཁག་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་བརྟེན་ནས་མཚོ་སྣ་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མ་དངུལ་སྒོར་དུང་ཕྱུར་6.9བཏང་སྟེ་ཐོན་ལས་རྣམ་གྲངས་23ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་པ་དང་ལེགས་པོ་རོང་གི་ཤང་བཞིར་ཇ་ཞིང་མུའུ་བརྒྱ་དང་། བོད་སྨན་རྒྱུ་ཆ་མུའུ་བརྒྱ། བྲ་བོ་མུའུ་བརྒྱ་བཅས་འདེབས་པ་དང་། ཆུ་དྲོ་མོ་ཤང་དུ་ལུག་སྟོང་དང་འབྲི་གཡག་སྟོང་དུས་ཐུང་རྒྱགས་གསོ། སྦྱོར་ར་ཤང་དུ་བོད་བྱ་ཁྲི་གསོ་ཚགས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    མིག་སྔར་སླད་མོན་པ་མི་རིགས་ཤང་གི་རི་མཐོའི་ཇ་ཞིང་མུའུ་800བར་རྒྱ་ཆེ་རུ་གཏོང་བ་དང་། བཟོ་ཁང་རིམ་སྤོར་སྒྱུར་བཀོད། ཇ་ལོའི་སྤུས་རྟགས་དང་ཐུམ་སྒྲིལ་གསར་བཟོ་བཅས་བྱས་པར་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་ཡན་གྱི་ཡོང་འབབ་རག་ཡོད་པ་རེད། ཆུ་དྲོ་མོ་དར་དཀར་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ་ལག་ཡོད་འབྲི་གཡག་དང་ལུག་མགོ་གྲངས་1045ཡོད་པ་དང་མང་ཚོགས་24ལས་ཞུགས་བཀོད་སྒྲིག་བྱས་པར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད་པ་རེད།

    འདི་ལོའི་ཟླ་གཉིས་པར་སྡོད་ཁང་གསར་པར་སྤོས་མ་ཐག་པའི་སླད་མོན་པ་མི་རིཌ་ཤང་སླད་གྲོང་ཚོའི་སྨན་པ་དངོས་གྲུབ་ཀྱིས“མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་གོ་སྐབས་དང་བསྟུན་ནས་ང་ཚོའི་གྲོང་ཚོའི་གྲོང་མི་ཡོངས་ཡུལ་སྐོར་ལས་རིཌ་ལ་ཞུཌ་པ་དང་ཉེ་འགྲམ་གྱི་སྲིན་མོ་བྲག་མཛེས་ལྗོངས་ཁུལ་དུ་དབྱར་ཁ་ཤར་རིམ་བཞིན་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དག་བཟའ་སྡོད་ཚང་མ་ང་ཚོའི་གྲོང་ཚོར་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་ང་ཚོའི་གྲོང་ཚོས་གཉེར་བའི་རི་མཐོའི་ཇ་རའི་ཐོན་རྫས་བྲིན་ཁ་རྒྱུག་པས་ངའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་གྱི་འདུག”ཅེས་བཤད།

    དམངས་འཚོ་ལེགས་སུ་བཏང་ནས་འགན་ལེན་ནུས་པ་རིམ་བཞིན་ཐོན་པ།

    ང་ཚོ་གྲོང་ཚོ་གསར་པར་སྤོས་པ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན། ད་ཆ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་པོ་ཡོད་པ་མ་ཟད། སྲིད་གཞུང་གི་ཁ་གསབ་དངུལ་ཡང་ལེན་རྒྱུ་ཡོད་པས། ང་ཚོ་དུས་རབས་བཟང་པོ་འདི་འདྲར་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ངོ་མ་སྐྱིད་པ་རེད་ཨང་ཞེས་ལམ་ཕུག་ཤང་གི་ཞེ་བོ་གྲོང་ཚོའི་རྒད་པོ་སངས་རྒྱས་ཀྱིས་ངོ་གདོང་འཛུམ་མདངས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

    བསྐྲུན་མ་ཐག་པའི་ཞོལ་གྲོང་གསར་དུ་སྐྱོད་སྐབས་འགྲོ་ལམ་གཙང་སྦྲ་ལྡན་པ་དང་། ཁྱད་ལྡན་ལམ་སྒྲོན་ངོ་མཚར་ཆེ་བ། ཞིང་པའི་རྡོ་བརྩིགས་སྡོད་ཁང་གཞུང་ལམ་ངོགས་གཉིས་སུ་གྲལ་འགྲིག་པོར་གནས་པ་བཅས་ལས་འབྱོར་འབྲིང་ཕྱོགས་སུ་འཚང་ཁ་ཤིག་ཤིག་ངང་བསྐྱོད་པའི་རྣམ་པ་ཞིག་མངོན།

    མཚོ་སྣ་རྫོང་གིས་རྣམ་གྲངས་ལག་བསྟར་ཁྲོད་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དེ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཉམ་དུ་འཆར་འགོད་དང་མཉམ་དུ་ལག་བསྟར་བྱས་ནས་ཆུ་གློག་ལམ་འཕྲིན་དྲ་རྒྱ་དང་ཚན་རིག་སློབ་གསོ་འཕྲོད་བསྟེན་སོགས“རིམ་སྤོར་འདུ་འགོད་བཅུ”འབུར་དུ་ཐོན་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་དང་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ཡོད།

    2014ལོ་ཚུན་མཚོ་སྣ་རྫོང་གིས་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་0.53སྤྱི་འདོམས་བྱས་ནས་གྲོང་ཚོ་དང་གྲོང་ལྷན་22ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་2016ལོར་རྫོང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་0.38བཀོད་སྒྲིག་བྱས་ནས་གྲོང་ཚོ་27ལ་མི་སྡོད་ཁོར་ཡུག་ལེགས་སྒྲིག་འདུ་འགོད་ལག་བསྟར་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

    འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཐད་མཚོ་སྣ་རྫོང་གིས་ཤང་དང་གྲོང་ཚོར་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་ལོ་གཉིས་ཙམ་རིང་སླད་གྲོང་ཚོ་ནས་རངས་གྲོང་ཚོ་བར་གྱི་གཞུང་ལམ་དང་ཁ་ཆུ་གྲོང་ཚོ་བར་གྱི་གཞུང་ལམ་སོགས་གྲོང་ཚོའི་གཞུང་ལམ་5ལས་འགོ་ཚུགས་ཡོད། 2017ལོར་རྫོང་ཡོངས་ཀྱི་ཤང་གྲོང་10དང་སྲིད་འཛིན་གྲོང་ཚོ་24ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།