[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་ཚོ་ཆུང་ངུའི་དྲ་སྦྲེལ་དུས་རབས་གསར་པ།

    —— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཐོང་སྨོན་སྡེ་ཁུལ་གྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-01

    “ད་ཆ་ཁྱེད་རང་ང་ཚོའི་སྡེ་ཁུལ་གྱི་ཇ་ཁང་གང་དུ་ཕེབས་རུང་སྐད་འཕྲིན་ནས་གཏོང་སྤྲོད་བྱ་ཆོག་ལ། ཁྱིམ་ཚང་གང་རུང་ཞིག་ཏུ་མགྲོན་པོར་ཕེབས་ཚེ་སྦྱིན་བདག་གིས་དྲ་རྒྱའི་འཕྲིན་ལམ་བརྒྱུད་གློག་བརྙན་འཚོལ་བའམ་ཡང་ན་ལག་ཐོགས་ཁ་པར་གྱི་སྐུད་མེད་དྲ་བ་བརྒྱུད་ནང་མི་དང་བརྙན་ལམ་ནས་སྐད་ཆ་ཤོད་པ་ཡང་མཐོང་ཐུབ། གྲོང་ཁྱེར་དུ་ལོངས་སྤྱོད་ཐུབ་པའི་དྲ་རྒྱའི་ཕན་པ་དག་ན་ནིང་ང་ཚོའི་སྡེ་ཁུལ་དུ་མངོན་འགྱུར་ཐུབ་སོང”ཞེས་སྡེ་ཁུལ་གྱི་དྲ་རྒྱའི་འཛུགས་སྐྲུན་སྐོར་གླེང་སྐབས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཐོང་སྨོན་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དྲ་རྒྱའི་དོ་དམ་པ་དོན་གྲུབ་ཀྱིས་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

    བཀྲ་ཤིས་མཐོང་སྨོན་སྡེ་ཁུལ་ནི་སྣེ་གདོང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་10ལྷག་ཙམ་ཡོད། མང་ཚོགས་ཀྱིས་གཙོ་བོ་ལོ་ཏོག་བཏབ་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། དེ་སྔ་ཆ་འཕྲིན་གསང་པོ་མེད་པས། ཡུན་རིང་“ཕར་འགྲོ་ཚུར་འོང་བྱེད་སྐབས་རྐང་ཐང་མར་སྐྱོད་དགོས་པ་དང་ཕན་ཚུན་བརྡ་ལན་སྤྲོད་སྐབས་སྐད་རྒྱག་དགོས”ཀྱི་ཡོད། དྲ་སྦྲེལ་གྱི་ཚ་རླབས་འཕྱུར་བ་དང་སྦྲགས་བཀག་སྡོམ་གྱི་གྲོང་ཚོ་དེ་དུས་རབས་གསར་པའི་རྗེས་སུ་ལུས། གྲོང་མི་རྣམས་དུས་རབས་གསར་པའི་གོམ་སྟབས་ཀྱི་རྗེས་སུ་སྙེག་ཐུབ་ཆེད། 2016ལོར་དྲ་སྦྲེལ་གྱི་ལས་དོན་ཆེན་པོ་ཞིག་སྤེལ་འགོ་ཚུགས།

    དོན་གྲུབ་ཀྱིས“2016ལོར་ང་ཚོའི་སྡེ་ཁུལ་ལ་སྣེ་གདོང་ཆུས་ནས་སྒོར་8000གི་དྲ་རྒྱའི་འཛུགས་སྐྲུན་མ་དངུལ་རག་ནས་སྔོན་ལ་ཁྱིམ་ཚང་25ལ་དྲ་རྒྱ་བསྒར་བ་ཡིན། 2017ལོར་ང་ཚོར་མ་དངུལ་ཁྲི་30ལྷག་ཙམ་རག་ནས་ཁྱིམ་ཚང་80ལ་དྲ་རྒྱ་བསྒར་བ་ཡིན། ད་ཆ་སྡེ་ཁུལ་གྱི་ཁྱིམ་ཚང་དང་གྲོང་ཚོའི་སྤྱི་སྤྱོད་ས་ཁོངས་ཚང་མར་དྲ་རྒྱ་བསྒར་ཡོད། ཁྱིམ་ཚང་ཚང་མས་ཆ་སྙོམས་ཉིན་ལྟར་སྒོར་ཟུར་9བཏང་ཚེ་དྲ་སྦྲེལ་གྱི་ཕན་པ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ”ཅེས་བཤད།

    སྡེ་ཁུལ་གྱི་དྲ་རྒྱའི་དོ་དམ་པ་དོན་གྲུབ་ཀྱིས་ངང་སྒུག་བྱེད་ཁོམ་མ་བྱུང་བར་ང་ཚོར་གྲོང་ཚོའི་དྲ་སྦྲེལ་དོ་དམ་ལྟེ་གནས་དང་སྒྲིག་ཆས་སྣ་ཚོགས་ངོ་སྤྲོད་བྱས་ཏེ་ལག་ཐོགས་ཁ་པར་ནས་སྡེ་ཁུལ་གྱི་སྐད་འཕྲིན་སྤྱི་རྟགས་དང་རིགས་ཁག་གི་དྲ་རྒྱའི་ཏང་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་གི་ཕན་འབྲས་བསྟན་བྱུང་།

    དོན་གྲུབ་ཀྱིས“དྲ་སྦྲེལ་བརྒྱུད་ང་ཚོའི་སྡེ་ཁུལ་དྲ་རྒྱའི་ལམ་བུར་བསྐྱོད་ནས་ལྷོ་ཁ་གྲོང་ཁྱེར་གྱི‘དྲ་སྦྲེལ+ཏང་འཛུགས་སྐྱོང’གི་དཔེ་སྟོན་གྲོང་ཚོར་གྱུར་ཏེ་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་དབར་སྤེལ་རེས་དང་། སློབ་སྦྱོང་། ཕན་སྒུལ་བཅས་ཀྱི་སྦྲེལ་ཟམ་ཞིག་བསྐྲུན་པ་དང་དེ་སྔའི་ཐག་རིང་ལུང་ཁུག་དང་རྗེས་ལུས་ཀྱི་བཀྲ་ཤིས་མཐོང་སྨོན་གྲོང་ཚོའི་ལོ་རྒྱུས་མཇུག་འགྲིལ་བ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།